ལི་བི་ཡའི་དུས་ཟིང་ནས་གཡོལ་མཁན་སྐྱབས་བཅོལ་གནས་སྟངས།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཨཕ་རི་ཀའི་ཡུལ་གྲུ་ལི་བི་ཡའི་ནང་དུས་ཟིང་གི་གནས་ཚུལ་ཤུགས་ཆེ་བྱུང་བཞིན་པ་ལས་གཡོལ་ཐབས།

2011.03.01

༄༅།།འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཨཕ་རི་ཀའི་ཡུལ་གྲུ་ལི་བི་ཡའི་ནང་དུས་ཟིང་གི་གནས་ཚུལ་ཤུགས་ཆེ་བྱུང་བཞིན་པ་ལས་གཡོལ་ཐབས་ཆེད་ལི་བི་ཡ་དང་ཀྲུ་ནི་ཤི་ཡའི་ས་མཚམས་སུ་བྲོས་བྱོལ་དུ་ཡོང་མཁན་གྱི་སྐྱབས་བཅོལ་བའི་གྲངས་འབོར་ཁྲི་བདུན་ལྷག་བརྒལ་ཟིན་པ་དེ་ད་ཆ་ཛ་དྲག་གི་གནད་དོན་དུ་འགྱུར་བཞིན་ཡོད་པའི་ཉེན་བརྡ་བཏང་འདུག།

དེ་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་དོན་ལྷན་ཁང་གི་མགྲིན་ཚབ་མ་མེ་ལི་ས་ཕེ་ལེ་མིང་གིས་ལི་བི་ཡ་དང་ཀྲུ་ནི་ཤི་ཡའི་ས་མཚམས་སུ་གཟའ་ཟླ་བ་གཅིག་པུར་སྐྱབས་བཅོལ་བ་མི་ཆིག་ཁྲི་བཞི་སྟོང་ཙམ་འབྱོར་བ་དང་ གཟའ་མིག་དམར་ཉིན་ཡང་གྲངས་འབོར་དེ་དང་འདྲ་བ་ཞིག་འབྱོར་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་པ་གསུངས་སྟེ་ ད་ཆ་གནས་སྟངས་འདི་ཧ་ཅང་ཛ་དྲག་ཆེ་བ་ཞིག་ཏུ་འགྱུར་བཞིན་ཡོད་པ་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎