བལ་ཡུལ་གྱི་རྩ་ཁྲིམས་བཟོ་ཟིན་པ་གནང་རྒྱུར་དུས་ཡུན་འཕར་མ།

བལ་ཡུལ་གྱི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་རྩ་ཁྲིམས་བཟོ་ཟིན་པ་གནང་རྒྱུར་དུས་ཡུན་འཕར་མ་བཞག་གནང་བ་དེར་བསྔགས་བརྗོད།

2011.05.30

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སྦན་ཀི་མུན་(BanKi-moon)མཆོག་གིས་བལ་ཡུལ་གྱི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་ཡུལ་གྱི་རྩ་ཁྲིམས་བཟོ་ཟིན་པ་གནང་རྒྱུར་དུས་ཡུན་འཕར་མ་བཞག་གནང་བ་དེར་བསྔགས་བརྗོད་གནང་ཡོད་པ་རེད། དེ་ཡང་རྒྱལ་ཚོགས་ཀྱི་དྲུང་ཆེ་སྦན་ཀི་མུན་(BanKi-moon)མཆོག་གི་མགྲིན་ཚབ་པ་སྐུ་ཞབས་མའར་ཀྲིན་ནེ་སིར་ཀི་(Martin Nesirky)ཡིས་བལ་ཡུལ་གྱི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་མའོ་གྱེན་ལོག་ཤོག་ཁག་གི་དམག་མི་རྣམས་གཞུང་དམག་ནང་ཟླ་བསྒྲིལ་གནང་རྒྱུའི་མཚོན་ཞི་བའི་ལས་དོན་ཁག་མཇུག་བསྒྲིལ་གནང་རྒྱུའི་ཆོད་སེམས་དེར་བསྔགས་བརྗོད་གནང་ཡོད་པ་རེད་ཅེས་མགྲིན་ཚབ་པ་དེས་གསུང་ཡོད་པ་རེད། གྲོས་ཚོགས་ཀྱི་འཐུས་མི་གྲངས་ ༦༠༡ ལས་གྲུབ་པའི་གྲོས་ཚོགས་ཀྱིས་གྲོས་ཚོགས་ཀྱི་དུས་ཡུན་ཟླ་བ་ ༣ རིང་དུས་འགྱང་གནང་རྒྱུའི་གྲོས་མཐུན་དེ་ཡུལ་གྱི་སྲིད་དོན་ཚོགས་པ་ཁག་བར་ཉིན་གྲངས་མང་པོའི་རིང་གྲོས་མོལ་གནང་ནས་ཐག་གཅོད་བྱུང་བ་ཞིག་ཡིན་པ་རེད། བལ་ཡུལ་གྱི་ད་ལྟའི་གྲོས་ཚོགས་དེ་ཕྱི་ལོ་ ༢༠༠༨ ལོར་འོས་འདེམས་བྱུང་བ་ཞིག་ཡིན་པ་དང་གྲོས་ཚོགས་དེར་ཡུལ་གྱི་རྩ་ཁྲིམས་གསར་བཟོ་གནང་རྒྱུའི་དུས་ཡུན་ལོ་ངོ་གཉིས་ཀྱི་དུས་བཅད་གནང་ཡང་ད་བར་རྩ་ཁྲིམས་གསར་བཟོ་གནང་ཐུབ་མེད་པ་མ་ཟད་དུས་ཡུན་ཡང་འཕར་འགྱངས་གནང་དགོས་པའི་གནས་སྟངས་སུ་འགྱར་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎