འཛམ་གླིང་ནང་ཆུའི་དཀའ་ངལ་འཕྲད་རྒྱུ།

མ་འོངས་པར་འཛམ་གླིང་ནང་འཐུང་ཆུའི་དཀའ་ངལ་འཕྲད་རྒྱུ་ཡིན་པ་ད་ལྟ་ནས་སེལ་ཐབས་བྱ་དགོས་པའི་ཛ་དྲག་གི་འབོད་སྐུལ་གནང་ཡོད་པ་རེད།

2009.03.13

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དེང་སྐབས་འཛམ་གླིང་ནང་མི་འབོར་འཕེལ་རྒྱས་འགྲོ་བ་དང་འཚོ་བའི་གནས་སྟངས་མཐོ་རུ་འགྲོ་བ།བཟོ་གྲྭའི་ཐོན་སྐྱེ་བཟོ་སྐྲུན་འཕེལ་རྒྱས་སོགས་ཀྱིས་སྐྱེས་དངོས་དང་རང་འབྱུང་ཁམས་ལ་གནོད་འཚེ་བཏང་སྟེ་མ་འོངས་པར་འཛམ་གླིང་ནང་འཐུང་ཆུའི་དཀའ་ངལ་འཕྲད་རྒྱུ་ཡིན་པ་ད་ལྟ་ནས་སེལ་ཐབས་བྱ་དགོས་པའི་ཛ་དྲག་གི་འབོད་སྐུལ་གནང་ཡོད་པ་རེད།

གཟའ་འཁོར་རྗེས་མའི་ནང་མ་འོངས་འཛམ་གླིང་ནང་ཆུའི་དཀའ་ངལ་འཕྲད་རྒྱུ་སེལ་ཐབས་ཐད་ལ་ཊར་ཀིའི་གྲོང་ཁྱེར་ཨིསི་ཏན་སྦུལ་ནང་ལྷན་ཚོགས་གནང་རྒྱུའི་དུས་ཚོད་ཀྱི་གོང་དེར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་ཁག་ཅིག་བཟུང་འབྲེལ་གྱིས་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་མ་འོངས་པའི་ཕྱི་ལོ་ཉིས་སྟོང་སུམ་ཅུའི་ནང་ཚུད་ལ་འཛམ་གླིང་ནང་གི་མི་འབོར་ཕྱེད་ཀ་ཙམ་ལ་འཐུང་ཆུ་མི་འདེངས་བའི་ཚབས་ཆེའི་དཀའ་ངལ་འཕྲད་རྒྱུ་ཡིན་པ་དང་ཆུའི་དཀའ་ངལ་དེ་ཡིས་འཛམ་གླིང་འགྱུར་ལྡོག་གཏོང་བཞིན་ཡོད་པར་བརྟེན་འཛམ་གླིང་གི་ཆུའི་དཀའ་ངལ་སེལ་ཐབས་ཛ་དྲག་གི་བྱ་ཐབས་ལག་བསྟར་བྱ་དགོས་གལ་ཆེ་བའི་སྐོར་གསུང་ཡོད་པ་རེད། དེའང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག་རིག་གཞུང་ལྷན་ཁང་གི་འགོ་ཁྲིད་ཀོཨི་ཆི་རོ་མ་ཚུ་ར་ཡིས་གསུང་པར་གང་ལྟར་འགྲོ་བ་མིའི་རིགས་འཚོག་ནས་བྱེད་པར་ཆུ་དེ་ནི་ཧ་ཅང་གི་གལ་འགངས་ཆེ་བའི་རྟེན་གཞི་གཙོ་བོ་ཞིག་ཡིན་པ་དང་ཆུའི་གོད་ཆགས་དེའི་འོག་ནས་འཛམ་གླིང་ནང་མི་དམངས་ས་ཡ་བརྒྱ་ཕྲག་མང་པོ་མུ་མཐུད་འཚོ་བ་སྐྱོ་པའི་གནས་སུ་ལྷུང་བཞིན་པ་དང་འཕྲོད་བསྟེན་གྱི་དཀའ་ངལ་འཕྲད་བཞིན་པ་ལྷག་པར་དུ་ཆབ་སྲིད་ཀྱི་བརྟན་ལྷིང་མེད་པ་དམག་འཁྲུགས་དང་མུ་གེའི་གནས་སྟངས་སུ་ལྷུང་བ།རང་འབྱུང་ཁོར་ཡུག་གི་གནས་སྟངས་ཉམས་ཆགས་འགྲོ་གཞི་ཡིན་པ་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎