ཨ་རིས་རྒྱ་གར་ལ་དྲི་རྩད་བྱ་ཆོག་པའི་ཆོག་མཆན་སྤྲད་པ།

གྲོང་ཁྱེར་མུམ་བའེ་ནང་དྲག་འཐབ་མཁན་གྱི་གཏོར་རྒོལ་བཏང་བའི་དོན་རྐྱེན་དང་འབྲེལ་བ་ཡོད་པའི་ཨ་རི་བ་ཞིག་ལ་དྲི་རྩད་བྱ་རྒྱུའི་ཆོག་མཆན།

2010.03.20

༄༅༎དེ་སྔོན་༢༠༠༨ལོར་རྒྱ་གར་གྱི་གྲོང་ཁྱེར་མུམ་བའེ་ནང་དྲག་འཐབ་མཁན་གྱི་གཏོར་རྒོལ་བཏང་བའི་དོན་རྐྱེན་དང་འབྲེལ་བ་ཡོད་པའི་བྱེད་སྟེ་ཨ་རིའི་ཀོ་ལོ་རེ་ཌོ་མངའ་སྡེའི་ཡུལ་མི་ཌེ་ལྦི་ཌི་ཁོལ་མེན་ཧེ་དྲི་ལི་ཟེར་བ་དེར་རྒྱ་གར་གྱིས་དྲི་རྩད་བྱ་རྒྱུའི་ཆོག་མཆན་ཨ་མི་རི་ཀས་གནང་རྒྱུའི་ཁས་ལེན་གནང་ཡོད་སྐོར་དེ་རིང་རྒྱ་གར་གྱི་ནང་སྲིད་བློན་ཆེན་པི་ཆི་རྡམ་སྦ་རམ་ཡིས་གསུངས་བཞག།

རྒྱལ་ས་ལྡི་ལིར་ནང་སྲིད་བློན་ཆེན་ཆི་རྡམ་སྦ་རམ་ཡིས་ཁོང་དང་ཨ་རིའི་ཁྲིམས་འཛིན་སྤྱི་ཁྱབ་ཨེ་རིཁ་ཧོལ་ཌར་དབར་ཞལ་པར་ཐོག་བཀའ་མོལ་གནང་སྐབས་ཨ་རིའི་ངོས་ནས་གོང་ཞུས་ཁས་ལེན་དེ་གནང་ཡོད་པ་དང༌། རྒྱ་གར་གྱིས་ཁྲིམས་ལུགས་ཚུལ་མཐུན་གྱི་སྒོ་ནས་ཨ་རི་བ་ཌེ་ལྦི་ཌི་ཁོལ་མེན་ཧེ་དྲི་ལི་ལ་དྲི་བ་གཏོང་རྒྱུའི་གོ་སྐབས་ཨ་མི་རི་ཀས་རྒྱ་གར་ལ་གནང་རྒྱུ་ཡིན་པའི་གོ་དོན་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་འདུག།

གྲོང་ཁྱེར་མུམ་བཡི་ནང་འཇིགས་སྐུལ་དྲག་འཐབ་མཁན་གྱི་གཏོར་རྒོལ་བཏང་བའི་ནང་ལེ་ཁག་ཡོད་པར་དོགས་པ་བྱ་ཡུལ་ཨ་རི་བ་ཌེ་ལྦི་ཌི་ཁོལ་མེན་ཧེ་དྲི་ལི་ལ་ཨ་རིའི་ཁྲིམས་ཞིབ་པས་ཁོ་པར་སྲོག་ཐོག་གི་ཉེས་ཆད་གཏོང་རྒྱུ་མིན་པ་འམ་ཡང་ནང་རྒྱ་གར་ལ་རྩིས་སྤྲོད་བྱ་རྒྱུ་མིན་པའི་ཁས་ལེན་གནང་རྗེས། རེས་གཟའ་ཕུར་བུའི་ཉིན་ཌེ་ལྦི་ཌི་ཁོལ་མེན་ཧེ་དྲི་ལི་ཡིས་འཇིགས་སྐུལ་དྲག་སྤྱོད་ཀྱི་ལས་དོན་ནང་ཐེ་གཏོགས་བྱས་པའི་ནག་ཉེས་མི་འདྲ་བ་ཁག་༡༢ལ་ངོས་ལེན་བྱས་ཡོད་པ་རེད།

དེ་སྔོན་ལྦ་ཤིང་ཀྲོན་ནང་པ་ཀིསི་ཐན་གྱི་ཕྱི་འབྲེལ་དཔོན་རིགས་ཤིག་དང་ཨ་རི་བའི་བུད་མེད་གཉིས་ལ་སྐྱེས་པའི་བུ་ཌེ་ལྦི་ཌི་ཁོལ་མེན་ཧེ་དྲི་ལི་ཡིས་༢༠༠༨ལོར་གྲོང་ཁྱེར་མུམ་བཡི་ནང་དྲག་འཐབ་མཁན་མི་གྲངས་༡༠ས་ཞི་བའི་ཡུལ་མི་༡༦༦ལ་མེ་མདའ་རྒྱབ་ནས་རྐྱེན་འདས་སུ་བཏང་བའི་དོན་རྐྱེན་དེ་ལོ་གཉིས་གོང་འཆར་འགོད་བྱས་ཡོད་པ་དང༌། སྔ་ལོ་ཕྱི་ཟླ་༡༠པའི་ཚེས་༢ཉིན་ཁོ་པ་ཤི་ཁ་གོའི་གནམ་ཐང་ནས་འཇུ་བཟུང་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎