རྒྱ་གཞུང་ནས་ཕྱིར་བུད་བྱས་པའི་ཨ་རིའི་མི་སེར་གྱི་མྱོང་ཚོར།

རྒྱ་ནག་གཞུང་ནས་ཕྱིར་བུད་བྱས་པའི་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་ནང་གཏམ་བརྗོད་ཀྱི་རང་དབང་མེད་པའི་སྐྱོན་བརྗོད་གནང་འདུག

2008.08.26

༄༅༎རྒྱ་ནག་ནང་བོད་དོན་ཆེད་ངོ་རྒོལ་གནང་ནས་རྒྱ་ནག་གིས་ཕྱིར་འབུད་བྱས་པའི་ཨ་མི་རི་ཀའི་མི་སེར་རྣམས་ཀྱིས་ རྒྱ་ནག་གིས་གཏམ་བརྗོད་ཀྱི་རང་དབང་ཡོད་པའི་ཁས་ལེན་བྱས་པར་དངོས་སུ་བརྩི་སྲུང་དང་ལེན་གནང་མེད་པའི་སྐྱོན་བརྗོད་གནང་འདུག རྒྱ་ནག་གིས་པེ་ཅིང་དུ་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་པའི་རྒྱུན་རིམ་དུ་གཏམ་བརྗོད་ཀྱི་རང་དབང་གི་ཐོབ་ཐང་ཡོད་ལུགས་རྒྱ་ནག་གིས་ཁས་ལེན་གསལ་བསྒྲགས་གནང་ཡོད་ཀྱང་ རྩེད་འགྲན་དངོས་གཞི་ཚུགས་པའི་སྐབས་ཁས་ལེན་གནང་བར་དང་ལེན་གནང་མེད་པའི་སྐོར་བོད་དོན་ཆེད་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་ཕྱིར་འབུད་བྱས་པའི་ཨ་མི་རི་ཀའི་མི་སེར་ཁག་གིས་གྲོང་ཁྱེར་ནིའུ་ཡོག་ཏུ་གསར་འགོད་པར་གསུངས་འདུག

ལྷག་དོན་དུ་བོད་དོན་ཆེད་ངོ་རྒོལ་ལས་འགུལ་སྤེལ་མཁན་ རང་ལོ་ ༣༩ ལ་ཕེབས་པའི་ཊོམ་གེ་རེན་ཊི་ཡིས་གསུངས་དོན་ལྟར་ན་ རྒྱ་ནག་གིས་རྒྱལ་སྤྱིའི་རྩེད་འགྲན་སྐབས་ གཏམ་བརྗོད་ཀྱི་རང་དབང་ གསར་འགོད་པར་འབྲེལ་བ་ཞུ་རྒྱུའི་རང་དབང་ དྲ་རྒྱའི་བརྒྱུད་ལམ་རང་དབང་གི་ཐོག་ནས་བེད་སྤྱོད་ཆོག་གི་ཡོད་པ་དང་ ཞི་བ་དང་ཚུལ་མཐུན་གྱི་ངོ་རྒོལ་བྱེད་རྒྱུའི་ཐོབ་ཐང་ཡོད་པའི་ཁས་ལེན་གནང་བ་ལྟར་དངོས་སུ་བྱུང་མེད་པའི་སྐྱོན་བརྗོད་གནང་འདུག ཁོང་གིས་མུ་མཐུད་གྲོང་ཁྱེར་ནིའུ་ཡོག་ཏུ་འདུ་འཛོམས་གནང་བའི་གསར་འགོད་པར་ བོད་ཀྱི་ས་ཁུལ་ནང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་དང་ བོད་རིགས་རྣམས་ཀྱི་ཆེ་ཐོངས་དང་ འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་རྒྱལ་སྤྱིའི་ཐོག་ནས་ཐུགས་སྣང་གནང་རྒྱུའི་དུས་ལ་བབས་ཡོད་པའི་འབོད་བསྐུལ་གནང་འདུག

རང་ལོ་ ༣༢ སོན་པའི་བོད་དོན་རྒྱབ་སྐྱོར་བ་ ཇེམ་སི་པའོ་ཌར་ལི་ ཡིས་ཁོང་རྣམས་རྒྱ་ནག་གིས་བཀག་ཉར་བྱས་པ་དེའི་ཐོག་ནས་ བོད་རིགས་དང་རྒྱ་རིགས་ལ་བཙོན་འཇུག་དོ་དམ་དུ་བཞག་པའི་སྐབས་དཀའ་ངལ་ག་ཚོད་འཕྲད་ཀྱི་ཡོད་པའི་ཉམས་མྱོང་གི་ཆ་ཤས་ཆུང་ཆུང་ཞིག་འཕྲད་པའི་སྐོར་གསར་འགོད་པར་འགྲེལ་བརྗོད་གནང་འདུག ཁོང་རྣམས་རྒྱ་ནག་གིས་འཛིན་བཟུང་བཀག་ཉར་བྱས་པའི་ཐོག་ཨ་མི་རི་ཀའི་གཞུང་ཚབ་དང་ ལྷག་དོན་དུ་སྲིད་འཛིན་ལས་ཁང་གིས་རྒྱ་ནག་ཐོག་གནོན་ཤུགས་ཆེན་པོ་སྤྲད་པ་མ་ཟད་སྲིད་འཛིན་ལསཁང་གིས་ རྒྱ་ནག་གིས་གཏམ་བརྗོད་དང་ཆོས་དད་རང་དབང་ལྡན་པའི་གུ་ཡངས་ཅན་གྱི་སྤྱི་ཚོགས་ཤིག་བཟོ་རྒྱུའི་འདུན་པ་དངོས་སུ་བསྟན་རྒྱུའི་གོ་སྐབས་དེ་བེད་སྤྱོད་བཏང་ཐུབ་མེད་པའི་སྐྱོན་བརྗོད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎