འབར་མའི་ཐོག་ཉེས་ཆད་དེ་བས་དམ་དུ་གཏོང་རྒྱུའི་འདོད་ཚུལ།

ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་ནས་ཨ་རི་གཞུང་གིས་འབར་མའི་ཐོག་ཉེས་ཆད་གཅོད་རྒྱུའི་ཐབས་ལམ་དེ་བས་དམ་དུ་གཏོང་རྒྱུ།

2010.03.31

༄༅༎ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་ནས་ཨ་རི་གཞུང་གིས་འབར་མའི་ཐོག་ཉེས་ཆད་གཅོད་རྒྱུའི་ཐབས་ལམ་དེ་བས་དམ་དུ་བཏང་ནས་འབར་མ་དྲག་པོའི་གཞུང་གིས་ཕྱོགས་འགལ་སྲིད་དོན་ཚོགས་པ་མཉམ་ཞུགས་མ་བྱས་པའི་འོག་འབར་མའི་རྒྱལ་ཡོངས་འོས་བསྡུ་བྱེད་མི་བཅུག་རྒྱུའི་འདོད་ཚུལ་བཏོན་གནང་ཡོད་པ་རེད་

ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དགུས་ས་རྟགས་འཁོད་པའི་དགོས་འདུན་གྱི་ཡི་གེ་ཞིག་ཨ་རིའི་སྲིད་འཛིན་དུ་ཕུལ་ཡོད་པ་བཞིན་དེའི་ནང་  འབར་མ་དྲག་པོའི་གཞུང་གིས་གསར་དུ་གཏན་འབེབས་བྱས་པའི་ཁྲིམས་ལུགས་ལ་བཟོ་བཅོས་ཡོང་རྒྱུའི་ཆེད་ཨ་རིའི་གཞུང་གིས་འབར་མའི་ཐོག་དཔལ་འབྱོར་གྱི་ཉེས་ཆད་འགེལ་ཡས་དེ་བས་ཤུགས་ཆེ་རུ་བཏང་ནས་འབར་མའི་ནང་གི་གནས་སྟངས་ལ་འགྱུར་བ་གཏོང་ཐབས་ཀྱིས་ རྒྱལ་ཡོངས་འོས་བསྡུ་དེ་བཞིན་མང་གཙོའི་འགྲོ་ལུགས་དང་ལྡན་པ་ཞིག་ཡོང་ཐབས་འབད་བརྩོན་གནང་རྒྱུའི་འབོད་སྐུལ་གནང་ཡོད་པ་དང་  ད་དུང་འབོད་སྐུལ་ཡི་གེ་དེའི་ནང་ཨ་རིའི་སྲིད་འཛིན་མཆོག་ནས་ཨ་རི་གཞུང་གིས་འབར་མའི་གནད་དོན་ཐོག་གི་དམིགས་བསལ་སྐུ་ཚབ་ཞིག་བསྐོ་བཞག་གནང་དགོས་གལ་ཆེ་བ་འཁོད་ཡོད་འདུག ཨ་རི་གཞུང་གིས་ན་ནིང་འབར་མ་དྲག་པོའི་གཞུང་དང་གྲོས་མོལ་གྱི་ལམ་ནས་ཡུལ་དེའི་ནང་གི་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་ཐབས་ལམ་འཛིན་ཡོད་ན་ཡང་དེ་ཙམ་གྱི་གྲུབ་འབྲས་ཐོན་མེད་ཅིང་འབར་མ་དྲག་པོའི་གཞུང་གིས་འབར་མའི་རྒྱལ་ཡོངས་འོས་བསྡུ་སྤེལ་རྒྱུའི་ཁས་ལེན་བྱས་ཡོད་ན་ཡང་འོས་བསྡུ་མ་སྤེལ་སྔོན་ཁྲིམས་ལུགས་གསར་པ་གཏན་འབེབས་བྱས་ནས་འབར་མ་དྲག་པོའི་གཞུང་གིས་ཉེས་བཙུགས་བཙོན་འཇུག་བྱེད་མྱོང་ཡོད་པའི་འབར་མའི་མི་སེར་ཡིན་ཕྱིན་འོས་མིར་ལངས་མི་ཆོག་པ་བཟོས་ཡོད་སྟབས་འབར་མ་དྲག་པོའི་གཞུང་གིས་གསར་དུ་གཏན་འབེབས་བྱས་པའི་རྩ་ཁྲིམས་གཞིར་བཟུང་ཚེ་ཕྱོགས་འགལ་དམངས་གཙོ་མནའ་འབྲེལ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སང་སུའུ་ཅི་ཡང་འོས་མིར་བཞེངས་ཆོག་གི་མེད་པར་བརྟེན་ཕྱོགས་འགལ་ཚོགས་པས་འབར་མ་དྲག་པོའི་གཞུང་གི་གསར་དུ་གཏན་འབེབས་བྱས་པའི་ཁྲིམས་ལུགས་ལ་ཁས་ལེན་བྱེད་ཐབས་མེད་པར་ཚོགས་པ་དེ་འོས་བསྡུའི་ནང་མཉམ་ཞུགས་བྱ་རྒྱུ་མིན་པའི་ཕྱིར་བསྒྲགས་བྱས་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎