ཨ་རིའི་གཞུང་ནས་སྐྱེ་རྒུ་མདོར་རོགས་སྐྱོར་གནང་།

སྐྱེ་རྒུ་མདོའི་ཁུལ་དུ་མཁོ་བའི་འཐུང་ཆུ་གཙང་བཟོའི་ཡོ་ཆས་དང་སྨན་བཅོས་ཀྱི་མཐུན་རྐྱེན་ཡོ་ཆས་སོགས་རོགས་སྐྱོར་སྐྱེལ་འདྲེན་གནང་འདུག

2010.05.31

༄༅༎ད་ལོ་སྤྱི་ཟླ་༤པའི་ཚེས་༡༤ཉིན་བོད་ཡུལ་ཤུལ་སྐྱེ་རྒུ་མདོའི་ཁུལ་དུ་ས་ཡོམ་གྱི་གོད་ཆག་ཅི་ཆེ་བྱུང་བ་ནས་བཟུང་ཨ་མི་རི་ཀའི་གཞུང་གིས་བོད་ནང་ས་ཡོམ་གྱི་གོད་ཆག་ཐད་རོགས་མགོན་མུ་མཐུད་གནང་བཞིན་ཡོད་ཐོག་ད་རེས་ཀྱི་ས་ཡོམ་གྱི་གོད་ཆག་བྱུང་སའི་ཁུལ་དུ་མཁོ་བའི་འཐུང་ཆུ་གཙང་བཟོའི་ཡོ་ཆས་དང་སྨན་བཅོས་ཀྱི་མཐུན་རྐྱེན་ཡོ་ཆས་སོགས་རོགས་སྐྱོར་སྐྱེལ་འདྲེན་གནང་ཡོད་པ་རེད།

རྒྱ་ནག་གི་གྲོང་ཁྱེར་གྲན་རྡུར་བཅའ་བཞུགས་ཨ་རིའི་ཞུང་ཚབ་ཌེ་ལྦི་ཌི་སྦ་རའོན་གྱིས་གསུངས་པར་འཐུང་ཆུ་གཙང་བཟོའི་འཕྲུལ་ཆས་ངོ་རེར་མ་གནས་ཨ་སྒོར་༥༥༠༠༠ཙམ་གནས་ཀྱི་ཡོད་པ་དང་དེས་ཉིན་རེར་མི་གྲངས་ཆིག་ཁྲི་ཙམ་ལ་མི་རེར་ཆུ་ལི་ཌར་༡༥ཙམ་མཁོ་སྤྲོད་བྱེད་ཐུབ་ཀྱི་ཡོད་པའི་སྐོར་དང་དེ་བཞིན་ནད་བཅོས་སྨན་བྱད་ཀྱི་གྲས་སུ་ཁྲག་གཙང་བཟོ་དང་ཕྲུ་གུ་ནད་པ་ཚོར་མཁོ་བའི་སྨན་བཅོས་ཀྱི་མཐུན་རྐྱེན་སོགས་ཆེད་བརྫོངས་གནང་ཡོད་པ་དེ་ཚོ་སྤྱི་ཟླ་༥པའི་ཚེས་༢༥ཉིན་གྲན་རྡུར་འབྱོར་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎