ཨ་རིའི་སྐུ་ཚབ་པ་ཀི་སི་ཐན་ནས་རྒྱ་གར་དུ་ཕེབས་པའི་གནས་ཚུལ།

ཨ་རིའི་དམིགས་བསལ་སྐུ་ཚབ་རི་ཅར་དྲི་ཧོལ་སྦུ་རུཀ་ཨཕ་ག་ནི་སི་ཐན་དང་པ་ཀི་སི་ཐན་ལ་གཟིགས་སྐོར་གནང་རྗེས་རྒྱ་གར་ནང་ཕེབས་ཡོད་པ།

2009.02.16

༄༅༎ཨ་མི་རི་ཀའི་དམིགས་བསལ་སྐུ་ཚབ་རི་ཅར་དྲི་ཧོལ་སྦུ་རུཀ་ཨཕ་ག་ནི་སི་ཐན་དང་པ་ཀི་སི་ཐན་ལ་གཟིགས་སྐོར་གནང་རྗེས་རེས་གཟའ་ཉི་མའི་ཉིན་རྒྱ་གར་ནང་ཕེབས་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱལ་ས་ལྡི་ལི་གསར་པས་ནས་ཨེ་ཨེཕ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན་ཨ་རིའི་གཞུང་གསར་པས་ཨཕ་ག་ནི་སི་ཐན་དང་པ་ཀི་སི་ཐན་གཉིས་ཀྱི་དཀའ་རྙོག་སེལ་ཆེད་དམིགས་ཀར་བསྐོ་བཞག་གནང་བའི་དམིགས་བསལ་སྐུ་ཚབ་རི་ཅར་དྲི་ཧོལ་སྦུ་རུཀ་པ་ཀི་སི་ཐན་དང་ཨཕ་ག་ནི་སི་ཐན་གཉིས་ནང་འཚམས་འདྲིའི་གཟིགས་སྐོར་དུ་བསྐྱོད་དེ་ཡུལ་དེ་གཉིས་ཀྱི་དབུ་ཁྲིད་རྣམ་པ་ཚོ་དང་མཇལ་འཕྲད་ཀྱིས་ཡུལ་གཉིས་དང་ཨ་རིའི་གཞུང་གསར་པའི་དབར་འབྲེལ་ལམ་སྤྱི་དང་ལྷག་དོན་དུ་འཇིགས་སྐུལ་དྲག་སྤྱོད་པར་གདོང་ལེན་གནང་ཕྱོགས་དང་དམངས་གཙོའི་གཞུང་ལ་མཐུན་གྱུར་དང་རྒྱབ་བསྐྱོར་མཇུག་སྐྱོང་གནང་ཕྱོགས་སོགས་ཀྱི་བཀའ་བསྡུར་གནང་ཡོད་རེད། དམིགས་བསལ་སྐུ་ཚབ་ཀྱི་སྐུ་དབང་གི་ཁྱབ་ཚད་པ་ཀི་སི་ཐན་དང་ཨཕ་ག་ནི་སི་ཐན་གཉིས་ཁོ་ན་ལས་རྒྱ་ནག་དང་ཐད་ཀར་འབྲེལ་བ་མེད་ཀྱང་རྒྱ་གར་དང་པ་ཀི་སི་ཐན་དང་དེ་བཞིན་ཨཕ་ག་ནི་སི་ཐན་གཉིས་དང་འབྲེལ་བ་ཆེན་པོ་ཡོད་པར་བརྟེན་རྒྱ་གར་གྱིས་ཁུལ་དེའི་ནང་དཀའ་རྙོག་སེལ་ཕྱོགས་ཐད་དགོངས་ཚུལ་ཇི་ཡོད་མཁྱེན་རྟོགས་སླད་དམིགས་བསལ་སྐུ་ཚབ་ཧོལ་སྦུ་རུཀ་རྒྱ་གར་ནང་ཞོར་ལ་ཕེབས་རྒྱུ་གལ་ཆེ་ངོས་འཛིན་གནང་གི་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎