ཨ་རིའི་ཕྱི་སྲིད་དྲུང་གཞོན་གཉིས་ཀྱིས་ཕྱི་རྒྱལ་དུ་འཚམས་གཟིཌ།

ཨ་རིའི་ཕྱི་སྲིད་དྲུང་གཞོན་ཕྱག་རོགས་ལྦི་ལིཡེམ་སྦན་སེ་རྒྱ་གར་ནང་ཕྱི་སྲིད་དྲུང་ཆེ་ཀི་ལིན་ཊོན་གྱི་གཟིགས་བསྐོར་གོ་སྒྲིག་ཆེད་ཕེབས་ཡོད་འདུག

2009.06.10

༄༅༎ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཊོན་ཟླ་བ་རྗེས་མ་རྒྱ་གར་ནང་གཟིགས་བསྐོར་ཕེབས་འཆར་ཡོད་པ་དང་ཨ་རིའི་ཕྱི་སྲིད་དྲུང་གཞོན་ཕྱག་རོགས་ལྦི་ལིཡེམ་སྦན་སེ་རྒྱ་གར་ནང་ཕྱི་སྲིད་དྲུང་ཆེའི་གཟིགས་བསྐོར་གོ་སྒྲིག་ཆེད་རྒྱ་གར་གཞུང་དང་ལྷན་དུ་བཀའ་བསྡུར་གནང་བར་ཕེབས་ཡོད་འདུག

ཨ་རིའི་ཕྱི་སྲིད་དྲུང་གཞོན་ཕྱག་རོགས་ལྦི་ལིཡེམ་སྦན་སེ་ནས་དེ་རིང་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཤིལྦ་ཤང་ཀར་མེ་ནོན་མཇལ་འཕྲད་གནང་ཡོད་པ་དང་ཁོང་དཔོན་རིགས་གཉིས་ཀྱི་མཇལ་འཕྲད་དེ་ནི་ཨ་རིའི་སྲིད་འཛིན་ཨོ་སྦ་མ་སྲིད་གཞུང་དང་རྒྱ་གར་ནང་ཀོང་རེ་སི་སྲིད་གཞུང་ལ་སྐྱར་དུ་འོས་བསྡུའི་རྒྱལ་ཁ་ཐོན་པའི་རྗེས་གཞུང་འབྲེལ་དཔོན་རིགས་དབར་འབྲེལ་འཐུད་ཐོག་མ་དེ་ཡིན་པ་གསུངས་ཀྱི་ཡོད་པ་དང་ཨ་རིའི་ཕྱི་སྲིད་དྲུང་གཞོན་ཕྱག་རོགས་ཀྱི་ཐེངས་འདིའི་གཟིགས་བསྐོར་གྱི་དམིགས་ཡུལ་གཙོ་བོ་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཊོན་ཟླ་བ་རྗེས་མ་རྒྱ་གར་ནང་གཟིགས་བསྐོར་ཕེབས་རྒྱུའི་མཛད་འཆར་གོ་སྒྲིག་ཞུ་ཆེད་ཡིན་སྐོར་འགྲེལ་བརྗོད་གནང་གི་ཡོད་པ་དང་ཨ་རིའི་ཕྱི་སྲིད་དཔོན་རིགས་ཁོང་ད་རེས་རྒྱ་གར་ནང་ཉིན་གསུམ་ཞུགས་བཞག་གིས་ཁོང་ནས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གསར་པ་ཨེསི་ཨེམ་ཀི་རིཤ་ན་དང་ནང་སྲིད་བློན་ཆེན་པི་ཅི་རྡམ་སྦ་རམ་གཞན་ཡང་རྒྱ་གར་གཞུང་གི་སྲུང་སྐྱོབ་སློབ་སྟོན་པ་ཨེམ་ཀེ་ན་ར་ཡན་བཅས་དང་མཇལ་འཕྲད་གནང་གི་ཡོད་འདུག

གནས་ཚུལ་ཐོན་ཁོངས་ལྟར་ན་ཨ་རིའི་སྲིད་གཞུང་གིས་རྒྱ་གར་ནང་སྔ་ལོ་པ་ཀི་སི་ཐན་གྱི་དྲག་སྤྱོད་པ་ཁག་ཅིག་གིས་གྲོང་ཁྱེར་མུམ་སྦའེ་ལ་དྲག་རྒོལ་བྱས་པའི་རྗེས་སུ་འབྲེལ་འཐུད་ཆད་པའི་ཞི་མོལ་གྱི་ལས་འཆར་དེ་སྐྱར་གསོ་གནང་དགོས་པའི་སྐུལ་མ་ཤུགས་ཆེ་གནང་གི་ཡོད་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎