རྡུལ་མཚོན་མེད་པ་བཟོ་རྒྱུའི་ཨ་རིའི་སྐུ་ཚབ་ལྷོ་ཀོ་རི་ཡར་བྱོར་བ།

བྱང་ཀོ་རི་ཡའི་རྡུལ་ཕྲན་གོ་མཚོན་མེད་པ་བཟོ་རྒྱུའི་ལས་དོན་དང་འབྲེལ་ཨ་རིའི་དམིགས་བསལ་སྐུ་ཚབ་ལྷོ་ཀོ་རི་ཡར་གྲོས་མོལ་ཆེད་ཕེབས་པ།

2010.05.12

༄༅༎བྱང་ཀོ་རི་ཡ་གཞུང་གིས་བར་མཚམས་བཅད་པའི་ཕྱོགས་དྲུག་གི་གྲོས་མོལ་དེ་སླར་གསོ་བྱ་རྒྱུའི་འདོད་ཚུལ་བཏོན་པའི་རྗེས། བྱང་ཀོ་རི་ཡའི་རྡུལ་ཕྲན་གོ་མཚོན་མེད་པ་བཟོ་རྒྱུའི་ལས་དོན་དང་འབྲེལ་བའི་ཨ་རིའི་དམིགས་བསལ་སྐུ་ཚབ་སུང་ཀིམ་དེ་རིང་ལྷོ་ཀོ་རི་ཡར་གྲོས་མོལ་གནང་བར་ཕེབས་འདུག།

ལྷོ་ཀོ་རི་ཡའི་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་མས་གནས་ཚུལ་ཞིབ་ཕྲ་འགྲེལ་བརྗོད་མ་གནང་བར་དེ་རིང་ཕྱི་དྲོ་ཨ་རིའི་དམིགས་བསལ་སྐུ་ཚབ་སུང་ཀིམ་གྱིས་ལྷོ་ཀོ་རི་ཡའི་འབྲེལ་ཡོད་དཔོན་རིགས་ལྦི་སུང་ལེཀ་དང་མཇལ་འཕྲད་གནང་རྒྱུ་ཡིན་སྐོར་གསུངས་བཞག།

བདུན་སྔོན་མ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨིལ་རྒྱ་ནག་ལ་ལྟ་སྐོར་ཕྱིན་པའི་གནད་དོན་སྐོར་རྒྱ་ནག་གིས་འགྲེལ་བཤད་ལ་གསན་ཞིབ་གནང་བར་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་ལས་རོགས་ཀ་ཀྲི་ཁེམ་སྦེལ་རྒྱ་ནག་ལ་བདུན་ཕྲག་འདིའི་ནང་ཕེབས་ཡོད་པ་ཅིང་སྐབས་དེར་ཁོང་དང་ལྷན་དུ་སུང་ཀིམ་རྒྱ་ནག་ལ་ཕེབས་ཡོད་པ་རེད།

བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨིལ་གྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་གོ་མཚོན་མེད་པའི་བཟོ་རྒྱུའི་རྒྱལ་ཁབ་དྲུག་གི་གྲོས་མོལ་ཚོགས་འདུ་དེ་བསྐྱར་གསོ་ཡོང་ཐབས་ཐད་ལས་དོན་མཉམ་རུབ་བྱ་རྒྱུའི་འདོད་པ་ཡོད་ཁུལ་བརྗོད་ཡོད་ནའང༌། གྲོས་མོལ་ནང་མཉམ་ཞུགས་བྱ་རྒྱུའི་ཁས་ལེན་གཏན་པོ་ཞིག་བྱས་མེད་པ་རེད། བྱང་ཀོ་རི་ཡས་སྔ་ལོ་ཕྱི་ཟླ་༤པའི་ནང་རྒྱལ་ཁབ་དྲུག་གི་གྲོས་མོལ་ནས་ཕྱིར་ཐོན་བྱས་ཡོད་པ་དང༌། དེ་ནས་ཟླ་བ་གཅིག་རྗེས་རྡུལ་ཕྲན་གོ་མཚོན་ལ་ཚོད་ལྟ་ཐེངས་གཉིས་པ་དེ་བྱས་ཡོད་པ་རེད།

ཉེ་སྔོན་ཕྱི་ཟླ་༣ཚེས་༢༦ཉིན་ལྷོ་ཀོ་རི་ཡའི་དམག་གི་གྲུ་གཟིངས་ཅིག་ཆུ་ནང་དིམ་སྐྱོན་བྱུང་ཏེ་མི་གྲངས་༤༦ལ་སྲོག་སྐྱོན་བྱུང་བའི་དོན་རྐྱེན་གྱི་རྒྱབ་ལ་བྱང་ཀོ་རི་ཡ་ཡོད་པར་ ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀ་གཉིས་ཀྱི་དཔོན་རིགས་ཚོས་ བློ་དོགས་གནང་གི་ཡོད་པ་ལྟར། གནད་དོན་དེའི་ཐད་རྩད་ཞིབ་བྱས་མ་ཚར་གྱི་བར་དུ་རྡུལ་ཕྲན་སྐོར་གྱི་གྲོས་མོལ་དེ་སླར་གསོ་ཡོང་ཐབས་མེད་སྐོར་གསུངས་བཞིན་ཡོད་པ་རེད།

ལྷོ་ཀོ་རི་ཡའི་ཕྱི་འབྲེལ་བློན་ཆེན་གཞོན་པ་དང་རྒྱལ་སྲུང་བློན་ཆེན་གཞོན་པ་རྣམ་གཉིས་ ཀོ་རི་ཡ་ཕྱེད་གླིང་གི་གནས་སྟངས་དང༌། རྡུལ་ཕྲན་གྱི་གནད་དོན་སྐོར་གྲོས་མོལ་གནང་བར་ སང་ཉིན་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་ཕྱོགས་སུ་ཕེབས་ཐོན་གནང་གི་ཡོད་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎