ཨ་རིའི་སྲིད་འཛིན་རྒྱ་ནག་ཏུ་འཚམས་གཟིགས་ཐོག་སེམས་འཚབ།

ཨ་རིའི་སྲིད་འཛིན་མཆོག་རྒྱ་ནག་ལ་ཕེབས་འཆར་ཐོག་ཐའེ་ལྦན་ནས་སེམས་འཚབ་སྐྱེས་དགོས་མེད་ལུགས་གསུངས་ཡོད་པའི་གནས་ཚུལ་འདུག

2009.10.22

༄༅༎ཨ་རིའི་སྲིད་འཛིན་མཆོག་རྒྱ་ནག་ལ་ཕེབས་འཆར་ཐོག་ཐའེ་ལྦན་ནས་སེམས་འཚབ་སྐྱེས་དགོས་མེད་ལུགས་ཨ་རིའི་འབྲེལ་ཡོད་ཅིག་ནས་གསུངས་ཡོད་པའི་གནས་ཚུལ་འདུག

ཐའེ་ལྦན་ནང་ཡོད་པའི་ཨ་རིའི་སློབ་གཉེར་ཁང་གི་སྤྱི་ཁྱབ་ལྦི་ལི་ཡམ་ལེ་ཀྲེ་ཀྲོན་མཆོག་གིས་སྲིད་འཛིན་ཨོ་སྦ་མ་མཆོག་རྒྱ་ནག་ལ་ཕེབས་རྒྱུའི་འཆར་གཞི་དེར་བློ་འཚབ་དང་བློ་དོགས་སྐྱེས་དགོས་དོན་ཡོད་མ་རེད་ལ་ལྷག་པར་དུ་ཐའེ་ལྦན་གྱི་ངོས་ནས་སེམས་འཚབ་སྐྱེས་དགོས་ཡག་ཡོད་མ་རེད།

རྩ་བའི་སྲིད་འཛིན་མཆོག་ནས་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་སྐོར་བཀའ་མོལ་གཙོ་བོ་གནང་གི་རེད། ཡིན་ནའང་ཞོར་འཕྲོས་སུ་ཐའེ་ལྦན་གྱི་འབྲེལ་བའི་གནད་དོན་སྐོར་ལའང་གླེང་སློང་ཡོང་གི་རེད་བསམ་གྱི་འདུག་ཅེས་འགྲེལ་བརྗོད་གནང་འདུག

ཡང་ཁོང་གིས་སྲིད་འཛིན་ཨོ་སྦ་མའི་གཞུང་འཛིན་གྱི་ངོས་ནས་ཐའེ་ལྦན་གྱི་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ཕྱིན་ཡོད་མ་རེད་ལ་དེར་གཞིགས་པས་དམིགས་བསལ་འགྱུར་བ་ཐེབས་རྒྱུའི་ཚོད་རྩིས་ཀྱང་བྱེད་དགོས་དོན་ཡོད་མ་རེད། རྒྱ་ནག་ནི་དེང་སང་འཛམ་གླིང་ནང་གལ་གནད་ཆེ་བས་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་ལྟར་ཨ་རི་དང་ཐའེ་ལྦན་གཉིས་ཀའི་ངོས་ནས་རྒྱ་ནག་མཉམ་འབྲེལ་བ་བྱེད་དགོས་ངེས་ཤིག་ཀྱང་ཆགས་ཀྱི་ཡོད་རེད་ཅེས་གསུངས་ནས་གང་ལྟར་ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་རྒྱ་ནག་ལ་ཕེབས་རྒྱུའི་ཐོག་རྒྱལ་ཁབ་གཞན་ནས་བློ་དོགས་སྐྱེས་དགོས་ཡག་མེད་པའི་དགོངས་ཚུལ་བཏོན་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎