ཨ་རིའི་གྲོས་ཚོགས་འཐུས་མིས་བོད་ཀྱི་གནས་སྟངས་ལ་ཐུཌ་འཚབ།

༸གོང་ས་མཆོག་གི་འབོད་སྐུལ་གཉིས་ལ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ཌ་ཡེན་ཕའེན་སི་ཀྲའེན་ཡིས་རྒྱབ་སྐྱོར་ཞུས་འདུག

2011.03.24

༄༅༎ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ཌ་ཡེན་ཕའེན་སི་ཀྲའེན་ཡིས་ཉེ་དུས་ཕྱི་ཚེས་༡༧ཉིན་གྲོས་ཚོགས་སུ་གསུང་བཤད་གནང་སྐབས་བོད་ནང་གི་གནས་སྟངས་ཐད་ཐུགས་འཚབ་གསལ་སྟོན་དང་འབྲེལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་དབང་རྩིས་སྤྲོད་གནང་རྒྱུའི་ཐག་གཅོད་དང༌། བོད་ནང་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་གནང་མཁན་ཚོགས་པ་ཞིག་གཏང་དགོས་པ་དང་། ༸གོང་ས་མཆོག་གི་འབོད་སྐུལ་གཉིས་ལ་རྒྱབ་སྐྱོར་ཞུས་གནང་འདུག

ལྕམ་ཌ་ཡེན་ཕའེན་སི་ཀྲའེན་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་༡༤ཉིན་གྲོས་ཚོགས་ལ་གནང་བའི་གསུང་འཕྲིན་ནང་༸གོང་ས་མཆོག་གི་སྐུ་དབང་མང་ཚོགས་ཀྱི་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པར་རྩིས་སྤྲོད་གནང་རྒྱུའི་བཀའ་ཕེབས་པ་དེར་རྒྱབ་སྐྱོར་ཡོད་ལ། བཙན་བྱོལ་ནང་གི་བོད་མི་ཚོ་ཆབ་སྲིད་ཀྱི་བསྒྱུར་བ་གསར་པའི་ལམ་ཐོག་བསྐྱོད་རྒྱུར་ངོས་ནས་རོགས་རམ་གང་ཐུབ་བྱ་རྒྱུར་གྲ་སྒྲིག་ཡོད་ཅེས་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎