ཏ་ལི་བཱན་གྱི་འགོ་ཁྲིད་འཛིན་བཟུང་གི་ཐབས་ཤེས་བྱེད་རྒྱུ།

ཨ་མི་རི་ཀས་པ་ཀིསྟན་ནང་ཏ་ལི་བཱན་གྱི་འགོ་ཁྲིད་འཛིན་བཟུང་ཆེད་ཐབས་ཤེས་ཡོད་རྒུ་རྩུལ་དྲུག་གནང་རྒྱུ།

2011.05.15

༄༅༎ཨ་མི་རི་ཀས་པ་ཀི་སྟན་ནང་ཏ་ལི་བཱན་གྱི་འགོ་ཁྲིད་འཛིན་བཟུང་ཆེད་ཡུལ་གཉིས་ཀས་ཐབས་ཤེས་ཡོད་རྒུ་རྩུལ་དྲུག་གནང་དགོས་པའི་སྐུལ་དེད་གནང་ཡོད་འདུག

པ་ཀིསྟན་གཟིགས་སྐོར་གནང་བཞིན་པ་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་སྲིད་ལས་དོན་ཚོགས་ཚུང་གི་ཚོགས་གཙོ་ ཇོན་ཀེ་རི་(John Kerry) ཡིས་ཡུལ་གཉིས་ཀས་འཇིགས་སྐུལ་དྲག་སྤྱོད་པར་གདོང་ལེན་གྱི་ཁུར་མཉམ་ལེན་གནང་ལུགས་གསུངས་པ་དང་སྦྲགས་ཨོ་སྭ་མྭ་ བིན་ལ་རྡན་རྐྱེན་ལམ་དུ་བཏང་བའི་རྗེས་སུ་པ་ཀིསྟན་གྱིས་ཨ་མི་རི་ཀར་མཐུན་འགྱུར་གནང་ཕྱོགས་ཐད་ཐེ་ཚོམ་ཡོད་ལུགས་གསུངས་ཡོད་པ་ པ་ཀིསྟན་གྱི་ཁོང་གཏོགས་ཀཤ་མིར་གྱི་རྒྱལ་ས་མ་ཛར་ཨི་ཤ་རིལྦ་(Mazar-i-Sharif) ནང་གསུངས་ཡོད་འདུག།  གསར་འགོད་ལྷན་ཚོགས་ཤིག་གི་སར་ པ་ཀིསྟན་གྱིས་ཨཕ་ག་ཎི་སེ་ཐན་གྱི་ཁེ་ཕན་ལ་བསམ་ཤེས་ཀྱིས་འཇིགས་སྐུལ་དྲག་སྤྱོད་པར་གདོང་ལེན་གྱི་ཁུར་མཉམ་ལེན་བྱེད་དགོས་ཀྱང་ད་ལྟའི་སྐབས་སུ་དེ་ལྟར་ཡོང་གི་མེད་པའི་རྣམ་པ་གསལ་པོ་ཡོད་པ་དེ་བློ་འཚབ་ཀྱི་རང་བཞིན་དུ་གྱུར་ཡོད་ལུགས་གསུངས་གནང་འདུག། པ་ཀིསྟན་གཞུང་གིས་ཨོ་སྭ་མྭ་ཡུལ་དེར་གསང་ཡིབ་གྱིས་བསྡད་ཡོད་པ་ཤེས་ཀྱི་མེད་པ་མ་གཏོགས་འགན་མ་ཁུར་བའི་གནས་ཚུལ་མིན་སྐོར་བརྗོད་བཞིན་དེར་ཡིད་ཆེས་བྱེད་ཁག་པོ་ཡོད་ལུགས་ཇོན་ཀེ་རི་ཡིས་གསུངས་གནང་འདུག། གལ་སྲིད་ཨ་མི་རི་ཀས་མུ་ལ་ཨོ་མར་(Mulla Omar) པ་ཀིསྟན་ཡོད་པ་ཤེས་ན་ཨོ་སྭ་མྭ་ན་བཞིན་དྲག་རྒོལ་བྱེད་རྩིས་ཡོད་མེད་བཀའ་འདྲི་ཞུས་པར་ཇོན་ཀེ་རི་ཡིས་གལ་སྲིད་དོ་བདག་དངོས་སུ་པ་ཀི་སི་ཐན་གསང་ཞིབ་བྱས་ནས་བསྡད་པ་གསལ་པོ་ཤེས་པ་ཡིན་ན་ཨ་མི་རི་ཀས་དྲག་རྒོལ་དེ་རིགས་བྱེད་སྲིད་པ་རེད་ཅེས་གསུངས་གནང་འདུག། དྲག་རྒོལ་གྱི་ལྐོག་ཇུས་རིམ་པ་མང་པོ་ཀི་སི་ཐན་ནང་བཏིང་ཡོད་པ་གསལ་པོ་ཆགས་ཡོད་པས་ཨ་རི་དང་པ་ཀིསྟན་གཞུང་གཉིས་དབར་འབྲེལ་ལམ་དམ་ཟབ་དགོས་གལ་ཆེན་པོ་ཆགས་ཡོད་ལུགས་ཁོང་གིས་བསྐྱར་བརྗོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎