ཨ་རིས་ཐེ་དབན་ནང་རོཌ་སྐྱོར་ཆེད་ཐད་འཕུར་གནམ་གྲུ་བཏང་བ།

ཐེ་དབན་ནང་དྲག་ཆར་རླུང་འཚུབ་དྲག་པོ་བརྒྱབ་པའི་རྗེས་ཨ་མི་རི་ཀའི་ཐད་འཕུར་གནམ་གྲུ་རོགས་སྐྱོར་དུ་ཐོན་བསྐྱོད་བྱས་ཟིན་འདུག

2009.08.16

༄༅༎ཐེ་དབན་ནང་དྲག་ཆར་རླུང་འཚུབ་དྲག་པོ་བརྒྱབ་པའི་རྗེས་གཟའ་འཁོར་གཅིག་རིང་ད་དུང་རང་འབྱུང་གི་གནོད་འཚེ་ཕོག་ཡུལ་ཐེ་དབན་གྱི་ལྷོ་ཕྱོགས་རི་བརྒྱུད་ས་ཁུལ་ནང་མི་དམངས་ཆིག་སྟོང་གསུམ་བརྒྱ་ལྷག་ས་གནས་སུ་ལུས་ཏེ་ཉེན་སྐྱོབ་ཐུབ་མེད་པར་བརྟེན་ཨ་མི་རི་ཀའི་ཐད་འཕུར་གནམ་གྲུ་རོགས་སྐྱོར་དུ་ཐོན་བསྐྱོད་བྱས་ཟིན་པ་དང་སྲིད་འཛིན་མ་དབྱིང་ཇུའུ་ཡིས་ལྷོ་ཕྱོགས་ཕིན་ཏུང་ས་གནས་སུ་མི་དམངས་ཚོགས་འདུའི་ཐོག་ལ་ཐེ་དབན་གོ་མིང་ཏང་གཞུང་གིས་རང་འབྱུང་གི་གནོད་འཚེ་དེའི་ཐོག་གདོང་ལེན་གྱི་ལས་དོན་སྤེལ་རྒྱུར་འགོར་གཞི་ཆེ་དྲག་པའི་གནས་སྟངས་ལ་དགོངས་སེལ་ཐེངས་གཉིས་པ་ཞུས་པ་དང་ཆབས་ཅིག་ད་དུང་གནོད་འཚེ་ཕོག་པའི་མི་དམངས་ཚོའི་མི་ཚེ་གང་མགྱོགས་རྒྱུན་ལྡན་དུ་འགྱུར་རྒྱུར་ང་ཚོས་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་དང་ད་རེས་ཀྱི་ཉིན་མ་འགའ་ཤས་དེའི་རིང་ལ་ཁོང་གི་སྲིད་གཞུང་གིས་ལས་དོན་སྤེལ་ཕྱོགས་ཐོག་ལ་མི་དམངས་ཀྱིས་སྐྱོན་བརྗོད་ཇེ་ཆེར་ཕྱིན་པའི་རྗེས་རེས་གཟའ་པ་སངས་ཉིན་ཐེ་དབན་གྱི་ཛ་དྲག་མྱུར་སྐྱོབ་ལས་དོན་ཁང་གི་འགོ་ཁྲིད་བརྗེས་འགྱུར་གནང་ཡོད་པ་རེད། ཐེ་དབན་གཞུང་འབྲེལ་གྱི་ཐོག་ནས་ད་རེས་ཀྱི་རང་འབྱུང་གནོད་འཚེ་དེའི་ནང་མི་དམངས་ཁྱོན་༡༢༤རྐྱེན་ལམ་དུ་ཕྱིན་པའི་བསྡོམས་རྩིས་གསུངས་ཀྱི་ཡོད་ཀྱང་སྲིད་འཛིན་མཱ་དབྱིང་ཇུའུ་ཡིས་ཕལ་ཆེར་མི་དམངས་འདས་གྲོངས་སུ་ཕྱིན་པའི་གྲངས་ཀ་ལྔ་བརྒྱ་ལྷག་མང་དུ་འགྲོ་རྒྱུ་ཡིན་པའི་ཉེན་བརྡ་བཏང་གནང་ཡོད་ཅིང་གང་ལྟར་ཐེ་དབན་གྱི་ལྷོ་ཕྱོགས་རི་བརྒྱུད་དུ་ཐད་འཕུར་གནམ་གྲུ་དང་དམག་མི་ཁྲི་བཞི་ལྷག་འགྲེམས་འཇོག་གིས་གཙང་ཆུ་དང་ཟམ་པ་ལོག་པའི་གནོད་འཚེའི་ནང་ཚུད་པའི་མི་དམངས་རྣམས་ཉེན་སྐྱོབ་ཀྱི་ལས་དོན་ཛ་དྲག་གིས་སྤེལ་བཞིན་ཡོད་ཀྱང་མི་མང་པོ་ཞིག་གཟའ་འཁོར་གཅིག་རིང་ལ་ཟ་རྒྱུ་འཐུང་རྒྱུ་མེད་པར་ལུས་ཡོད་པ་མ་ཟད་ད་དུང་གནོད་འཚེ་ཕོག་ཡུལ་ལྷོ་ཕྱོགས་ས་ཁུལ་ཁའོ་སིང་དང་ཐའེ་ཐུང༌།ཕིང་ཐུང༌།ཁྲི་ཡ་བཞིའི་ནང་དུ་མི་དམངས་ཆིག་སྟོང་བཞི་བརྒྱ་ཙམ་ཉེན་སྐྱོབ་མ་ཐུབ་པར་ལུས་ཡོད་པ་རེད། དེ་རིང་ཐེ་དབན་གྱི་ལྷོ་ཕྱོགས་ཐའེ་ནན་ནང་དུ་ཨ་མི་རི་ཀའི་དམག་མིའི་སྐྱེལ་འདྲེན་གནམ་གྲུ་ཞིག་འབྱོར་ཡོད་པ་དང་ད་དུང་ཨ་མི་རི་ཀས་དམག་མིའི་ཐད་འཕུར་གནམ་གྲུ་གཉིས་ཆེད་གཏོང་གནང་ཡོད་ཅིང་ད་རེས་ཐེ་དབན་དུ་ཉེན་སྐྱོབ་ཀྱི་ཆེད་དུ་ཨ་མི་རི་ཀའི་དམག་མིའི་གནམ་གྲུ་ཆེད་གཏོང་གནང་བ་དེ་ནི་དེ་སྔ་ཕྱི་ལོ་༡༩༧༩ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་ཐེ་དབན་ཕྱིར་འབུད་བྱས་ཏེ་རྒྱ་ནག་ཚུབ་ཏུ་བཅུག་པའི་རྗེས་ཨ་མི་རི་ཀའི་ཕྱི་འབྲེལ་རྒྱ་ནག་གི་ཕྱོགས་སུ་ཁ་འགྱུར་བྱས་པ་ནས་བཟུང་འདས་པའི་མི་ལོ་བཅུ་ཕྲག་གསུམ་གྱི་རྗེས་སུ་ཨ་རིའི་དམག་མི་ཐེ་དབན་དུ་ཆེད་གཏོང་བྱས་པ་ཐེངས་དང་པོ་ཡིན་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎