ཨ་རིའི་དམག་དོན་དང་འབྲེལ་བའི་དཔོན་རིགས་ཀྱི་ལྷན་ཚོགས།

ཨ་རིའི་སྲིད་འཛིན་གྱིས་གཙོ་སྐྱོང་འོག་ཨ་རིའི་དམག་དོན་དང་འབྲེལ་བའི་མཐོ་རིམ་དཔོན་རིགས་ཀྱི་ལྷན་ཚོགས་ཞིག་ཚུགས་རྒྱུ་ཡིན་འདུག

2010.02.17

༄༅༎དེ་རིང་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་གཙོ་སྐྱོང་འོག་ཨ་རིའི་དམག་དོན་དང་འབྲེལ་བའི་མཐོ་རིམ་དཔོན་རིགས་ཀྱི་ལྷན་ཚོགས་ཞིག་སྲིད་འཛིན་ཕོ་བྲང་དཀར་པོའི་ནང་ཚུགས་གནང་རྒྱུ་ཡིན་འདུག།

སྲིད་འཛིན་ཨོ་སྦ་མ་མཆོག་གིས་དབུ་ཞུགས་གནང་རྒྱུའི་ལྷན་ཚོགས་དེའི་ཐོག་ཨ་རིའི་སྲིད་འཛིན་སྐུ་གཞོན་ཇོ་སྦའེ་ཌེན་དང་རྒྱལ་སྲུང་དྲུང་ཆེ་རོ་སྦ་ཀྲི་གེཏ་སི་ ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་ ཨ་རིའི་དབུས་དམག་དོན་ལས་ཁང་གི་དམག་སྤྱི་ཌེ་ལྦི་ཌི་པེ་ཀྲི་རི་ཡ་སི་བཅས་མཉམ་ཞུགས་གནང་རྒྱུ་ཡིན་པ་དང༌། ཨཕ་ག་ནི་སི་ཏན་ནང་གི་ཨ་རིའི་དམག་སྤྱི་སི་ཀྲེན་ལི་མེཀ་ཀི་རི་སི་ཀྲལ་དང་ཀ་སྦུལ་ནང་བཅའ་ཞུགས་ཨ་རིའི་གཞུང་ཚབ་ཆེན་མོ་ཀལ་ཨའེ་ཀེན་སྦ་རི་རྣམ་གཉིས་བརྙན་པར་བརྒྱུད་ལྷན་ཚོགས་དེའི་ནང་བཀའ་མོལ་གནང་རྒྱུ་ཡིན་པ་རེད།

ཏ་ལི་སྦན་དྲག་འཐབ་ཤོག་ཁག་གི་འགོ་ཁྲིད་ཨང་གཉིས་པ་མུ་ལའ་ཨབ་རྡུལ་ག་ནི་སྦ་ར་ཌར་ཉིན་ཤས་གོང་པ་ཀི་སི་ཏན་གྱི་གྲོང་ཁྱེར་ཀ་ར་ཆི་ ནང་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་བའི་རྗེས་སུ་ལྷན་ཚོགས་དེ་གནང་བ་ཞིག་ཆགས་ཀྱི་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎