ཨ་རིའི་མི་སེར་བལ་ཡུལ་ནང་བསྐྱོད་རྒྱུར་བཀག་སྡོམ་གྱི་ཉེན་བརྡ།
2011.12.18
༄༅༎ཨ་མི་རི་ཀས་བལ་ཡུལ་ནང་ཆབ་སྲིད་བརྟན་ལྷིང་མེད་པར་ནང་འཁྲུག་གི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་པར་བརྟེན་ཨ་རིའི་མི་སེར་ཡུལ་དེར་འགྲུལ་བསྐྱོད་བསྐྱར་དུ་བཀག་སྡོམ་བྱ་རྒྱུའི་ཉེན་བརྡ་བཏང་ཡོད་འདུག
བལ་ཡུལ་ལྷོ་ཕྱོགས་ཅིཊི་ལྦན་རྫོང་ནས་ཕྱོགས་འགལ་ཚོགས་པའི་དོན་གཉེར་བ་ཞིག་བཙོན་ཁང་ནང་རྐྱེན་ལམ་དུ་བཏང་བའི་དོན་རྐྱེན་རྗེས་སུ་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་རྣམ་པས་རེས་གཟའ་སྤེན་པའི་ཉིན་རྒྱལ་ཡོངས་སུ་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་ཁྲོམ་ར་ཚང་མ་སྒོ་རྒྱབ་པ་མ་ཟད་འགྲིམ་འགུལ་ཡང་བཀག་ཡོད་འདུག ཕྱོགས་འགལ་བལ་ཡུལ་ཀོངྒརེསེ་ཚོགས་པས་ལས་འགུལ་དེ་རེས་གཟའ་ཟླ་བའི་ཉིན་བསྐྱར་དུ་སྤེལ་རྒྱུའི་ཉེན་བརྡ་ཡང་བཏང་ཡོད་འདུག ཨ་མི་རི་ཀས་བར་ལམ་བལ་ནས་ཨ་རིའི་མི་སེར་བལ་ཡུལ་ནང་འགྲུལ་བསྐྱོད་བསྐྱར་གསོ་བྱས་ཡོད་ཀྱང་ད་ཆ་ཆབ་་སྲིད་བརྟང་ལྷིང་མེད་པའི་ཁར་ནང་འཁྲུག་གི་ཉེན་ཁ་ཡོད་པ་བརྟེན་འགྲུལ་བསྐྱོད་དེ་རིགས་བསྐྱར་དུ་བཀག་སྡོམ་བྱེད་སྲིད་པ་རེད་ཅེས་ཨ་རིའི་གཞུང་ཚབ་སེཀོ་ཊི་ ཌི་ལི་སི་ ཡིས་གསུངས་ཡོད་པ་ཨེ་ཨེཕྤི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག།