རྒྱ་རིཊ་སློབ་ཕྲུག་ཚོས་བརྟག་དཔྱད་མེད་པར་ནེ་ཙོ་ལྟ་བུ་མ་གནང་རོཊ།


2017.06.12
རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་མཁས་དབང་ཡཱང་ཅན་ལེ་Yang Jianli 2015 རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་མཁས་དབང་ཡཱང་ཅན་ལེ་Yang Jianli 2015
Lhuboom/RFA

ཨ་རིའི་(California)མངའ་སྡེའི་(San Diego)གཙུག་ལག་སློབ་གྲྭའི་རྒྱ་རིགས་སློབ་མ་ཚོས་༧གོང་ས་ཏཱ་ལའི་བླ་མ་མཆོག་སློབ་གྲྭ་དེའི་ནང་གདན་ཞུ་གནང་པའི་ཐད་དགའ་བསུ་བྱེད་དགོས་པ་ལས་བརྟག་དཔྱད་མེད་པར་རྒྱ་ནག་དམར་ཤོག་ཚོགས་པའི་བཀའ་ལ་ཉན་ནས་ནེ་ཙོ་ལྟ་བུ་མ་བྱེད་རོགས་ཅེས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་མཁས་དབང་Yang Jianli གིས་གསུངས་འདུག
དེ་ཡང་Times of San Diego འམ་San Diegoདུས་དེབ་གསར་ཁང་གིས་སྤྱི་ཚེས་༡༡་ཉིན་རྒྱ་རིགས་མཁས་དབང་Yang Jianli གིས་བྲིས་པའི་དཔྱད་རྩོམ་ཞིག་འགྲེལ་སྤེལ་བྱས་ཡོད་ཅིང་། དེའི་ནང་སྐུ་ཞབས་Yang Jianli གིས་རིང་མིན་སྤྱི་ཚེས་༡༧་ཉིན་འཚོགས་རྒྱུ་ཡིན་པའི་California མངའ་སྡེའི་San Diego གཙུག་ལག་སློབ་གྲྭའི་སློབ་ཕྲུག་བསླབ་པ་མཐར་སོན་གྱི་མཛད་སྒོའི་ཐོག་གསུང་བཤད་གནང་མཁན་༧གོང་ས་ཏཱ་ལའི་བླ་མ་མཆོག་གདན་ཞུ་གནང་པའི་ཐད་སློབ་གྲྭ་དེའི་སློབ་མ་ཚོས་ངོ་རྒོལ་བྱས་པའི་གནས་ཚུལ་བྱུང་ཡོད། ཡིན་ནའང་རང་ཉིད་རྒྱ་རིགས་ཞིག་ཡིན་པའི་ཆ་ནས་རྒྱ་རིགས་སློབ་མ་ཚོའི་བྱ་སྤྱོད་དེའི་ཐད་ལ་ཧ་ཅང་བློ་ཕམ་བྱུང་བ་དང་། དེ་ནི་ཁོང་ཚོས་ངོ་རྒོལ་བྱས་པ་དེ་མིན་ཞིང་། རྒྱ་གཞུང་གི་དམག་ཤོག་ཚོགས་པས་ཅི་གསུང་བཀའ་ལྟར་སྒྲུབ་བཞིན་པ་དེ་ཡིན་ཞེས་དང་། ཨ་རིའི་ནང་སློབ་སྤྱོང་གི་གོ་སྐབས་དང་བསྟུན་རྒྱ་ནག་ནང་དང་མ་འདྲ་བ་ཡུལ་དེའི་སྨྲ་བརྗོད་རང་དབང་དང་གནས་ཚུལ་རང་དབང་ལོངས་སྤྱོད་དང་ངོས་ཟིན་བྱེད་འོས། ཁྱེད་ཚོའི་ངོས་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་འགྲོ་བ་མིའི་བདེ་དོན་རིགས་ལ་མཛད་རྗེས་ག་ཚད་བསྐྱངས་ཡོད་པ་དཔྱད་ཞིབ་ཐུབ་མེད་ངེས་རེད་འདུག་ཅེས་འཁོད་འདུག ཡང་ཁོང་གིས་རྒྱ་རིགས་སློབ་ཕྲུག་དེ་དག་གིས་གཞི་རྩ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ངོ་རྒོལ་ཞུས་དོན་ནི། ཁོང་རྒྱ་ནག་ནས་བོད་ཁ་བྲལ་གཏོང་ཐབས་བྱེད་མཁན་གྱི་ཁ་བྲལ་བ་ཞིག་ཡིན་པ་ཡིད་ཆེས་བྱེད་བཞིན་པ་སྦྲགས་དེ་སྔའི་བོད་ཀྱི་བྲན་གཡོིག་ལམ་ལུགས་དང་འབྲེལ་བ་ཆགས་སྡོད་ཡོད་པ་འདྲ་བོ་འདུག ཡིན་ནའང་༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་ཁ་བྲལ་བ་ཞིིག་མིན། ངོས་རང་ལོ་ངོ་ཉི་ཤུ་ལྷག་རིང་༧གོང་ས་མཆོག་དང་ངོ་ཤེས་ཆགས་ཡོད་པ་མ་ཟད། ཕྱི་ནང་གི་ཚོགས་འདུ་འདྲ་མིན་ཏོག་༧གོང་ས་མཆོག་གི་བྱམས་བརྩེའི་མཛད་རྗེས་དངོས་སུ་མཐོང་པའི་གོ་སྐབས་བྱུང་། ཁོང་གིས་རྒྱ་གཞུང་གི་མངའ་འོག་ཏུ་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་ཐབས་གནང་བཞིན་ཡོད་ཅེས་དང་། རྒྱལ་སྤྱིའི་ནང་ཚང་མས་ངོས་ལེན་དང་གུས་བརྩི་ཞུ་གི་ཡོད་པ་མ་ཟད་ཁོང་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱང་ཐོབ་ཡོད་པ་རེད།
དེར་བརྟེན་ཨ་རིའི་ནང་ཡོད་པའི་རྒྱ་རིགས་སློབ་ཕྲུག་ཚོས་རང་དབང་དང་མང་གཙོའི་རྒྱལ་ཁབ་འདི་ལྟབུའི་ནང་སླེབས་ཡོད་དུས། དེ་དག་ལོངས་སུ་སྤྱད་ནས་རང་ཉིད་ཀྱི་རྣམ་དཔྱོད་དང་བསམ་བློ་གུ་ཡངས་ཀྱི་ཐོག་ནས་ལེགས་ཉེས་དབྱེ་འབྱེད་བྱེད་ཐུབ་པ་ཞིག་དགོས་པ་ལས་རྒྱ་ནག་ནང་གུང་ཁྲན་ཚོགས་པས་གང་བཤད་དེར་བརྟག་དཔྱད་མེད་པར་ནེ་ཙོས་ལད་ཟློས་བྱེད་པ་ལྟར་འགྲོ་རྒྱུ་མེད་ལུགས་ཅེས་བཀོད་ཡོད་པ་རེད།

གསར་འགོད་པ་གུ་རུ་ཆོས་སྐྱིད་དང་། རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎