ཀ་ཛ་ཀི་སི་ཐན་ནང་གི་ཡུ་གུར་མི་རིགས་ཚོས་རྒྱ་གཞུང་ལ་ངོ་རྒོལ།

ཀ་ཛ་ཀི་སི་ཐན་ནང་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཐོག་སྤེལ་བའི་དྲག་གནོན་གྱི་བྱ་སྤྱོད་ཐོག་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།

2009.07.19

༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་ཀ་ཛ་ཀི་སི་ཐན་གྱི་གྲོང་ཁྱེར་ཨེལ་མ་ཊི་ཟེར་བའི་ནང་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་མི་རིགས་སྟོང་ཕྲག་ཁ་ཤས་འདུ་འཛོམས་ཀྱིས་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཐོག་སྤེལ་བའི་དྲག་གནོན་གྱི་བྱ་སྤྱོད་ཐོག་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་པ་རེད།

དེ་ཡང་ཡུ་གུར་མི་དམངས་ལྔ་སྟོང་ཙམ་འདུ་འཛོམས་ཀྱིས་བུད་མེད་ཚོས་མགོ་རས་དཀར་པོ་གྱོན་ཏེ་རྒྱ་ནག་གཞུང་གི་དྲག་གནོན་འོག་འདས་གྲོངས་སུ་ཕྱིན་པའི་ཡུ་གུར་མི་དམངས་ཚོར་མྱ་ངན་ཞུ་བའི་རྣམ་པ་མཚོན་པ་དང་སྐར་མ་གཅིག་རིང་ངག་བཅད་ཀྱི་མྱ་ངན་གུས་བཏུད་ཞུས་པ་མ་ཟད་ཁོང་ཚོས་ཡུ་གུར་མི་རིགས་ལ་རང་དབང་དགོས་ཅེས་སྐད་འབོད་བྱས་པ་དང་ལག་ཏུ་ཁྱེར་བའི་ཚོན་མདོག་སྔོན་པའི་སྟེང་དུ་ཟླ་བ་དཀར་པོ་རྒྱབ་པའི་རྒྱལ་དར་འཕྱར་བ་དང་ཟླ་བ་དཀར་པོ་དེ་ནི་ཡུ་གུར་རང་བཙན་ལས་འགུལ་གྱི་མཚོན་དོན་ཡིན་པ་རེད། ངོ་རྒོལ་ལས་འགུལ་དེའི་ཁྲོད་དུ་ཁ་ཆེའི་ཆོས་དཔོན་མུ་ལ་ཡིས་རྐྱེན་འདས་སུ་ཕྱིན་པའི་ཡུ་གུར་མི་རིགས་ཚོར་སྨོན་ལམ་འདེབས་པ་དང་ཁག་ཅིག་གིས་ངོ་རྒོལ་གྱི་གཏམ་བཤད་བྱས་པ་སོགས་རྣམ་གྲངས་མི་འདྲ་བའི་ངོ་རྒོལ་ལས་འགུལ་སྤེལ་ཡོད་ཅིང་གཏམ་བཤད་གནང་མཁན་གྲས་ནས་གཅིག་ནི་ཨ་མི་རི་ཀའི་ནང་རྟེན་གཞི་བྱས་པའི་འཛམ་གླིང་ཡུ་གུར་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་གཞོན་པ་ཨབ་རྡུ་རེ་ཤིཏ་ཡིན་པ་དང་ཁོང་གིས་ད་རེས་ཤར་ཏུར་ཀི་སི་ཐན་ནང་དུ་འཕྲད་པའི་དོན་རྐྱེན་དེ་ནི་རྒྱ་ནག་གཞུང་གིས་ང་ཚོའི་ཡུ་གུར་མི་རིགས་ཐོག་དྲག་གནོན་བྱས་པ་ཞིག་ཡིན་པ་དང་ད་དུང་ཡང་མུ་མཐུད་དྲག་གནོན་བྱེད་བཞིན་ཡོད་པར་བརྟེན་རྒྱ་ནག་གཞུང་གི་བྱ་སྤྱོད་དེར་ང་ཚོ་དེ་མུར་ཁ་ཁུ་སིམ་པོར་སྡོད་ཐབས་རྩ་བ་ནས་མེད་ཅེས་གསུངས་ཡོད་པ་རེད། ཀ་ཛ་ཀི་སི་ཐན་དེ་ནི་རྒྱ་ནག་གི་ཕྱི་ཕྱོགས་སུ་ཡུ་གུར་མི་རིགས་མང་ཤོས་གནས་སྡོད་བྱེད་ཡུལ་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་དེ་རིང་ངོ་རྒོལ་བྱེད་ཡུལ་ཀ་ཛ་ཀི་སི་ཐན་གྱི་གྲོང་ཁྱེར་ཨེལ་ན་ཊི་ཟེར་བ་དེ་ནི་ཤར་ཏུར་ཀི་སི་ཐན་གྱི་རྒྱལ་ས་ཨུ་རུམ་ཆི་ནས་མོ་ཊའི་ནང་ཚོུད་བཅུ་ཙམ་གྱི་སར་གནས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎