བོད་སྐོར་དངོས་བྱུང་གློག་བརྙན་ཞིག་ལ་གཟེངས་བསྟོད།

དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་བོད་ནང་གསང་བའི་ཐོག་ནས་པར་ལེན་བྱས་པའི་དངོས་བྱུང་གློག་བརྙན་ཞིག་ལ་ཆེ་བསྟོད་ཞུས་བཞག

2008.11.20

༄༅༎དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་བོད་ནང་གསང་བའི་ཐོག་ནས་པར་ལེན་བྱས་པའི་དངོས་བྱུང་གློག་བརྙན་ཞིག་ལ་ཆེ་བསྟོད་ཞུས་བཞག

དེ་ཡང་གསར་འགྱུར་ལས་ཁང་སོགས་ཀྱི་ལས་བྱེད་པ་མ་ཡིན་པའི་སྒེར་པའི་པར་ལེན་གསར་འགོད་པ་ཇེ་ཛ་ནིའུ་མེན་དང་གསར་འགོད་པ་ཀྲེཤ་ཌེསི་པ་རྣམ་གཉིས་ཀྱིས་ཕྱི་ལོ་༢༠༠༧ལོའི་ཕྱི་ཟླ་བཞི་པའི་ནས་བཟུང་ཟླ་བ་གསུམ་ཙང་རིང་བོད་ནང་གསང་བའི་ཐོག་ནས་པར་ལེན་དང་འདྲི་བ་འདྲི་ལན་བྱས་པའི་བོད་ནང་གསང་བའི་ཐོག་ཞེས་པའི་བརྙན་འཕྲིན་དེར་རོའོ་རི་པེཀ་ཞེས་པའི་བྱ་དགའ་འབུལ་བཞེས་བྱས་འདུག དངོས་བྱུང་གློག་བརྙན་དེ་བཞིན་ཐོག་མར་འདི་ལོའི་ཕྱི་ཟླ་གསུམ་པའི་ནང་དབྱིན་ཇིའི་བརྙན་འཕྲིན་ཨང་བཞི་པའི་ནང་རྒྱང་བསྲིང་བྱས་ཡོད་པ་དང་ཕྱི་ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་བྱ་དགའ་དེའི་ཆེད་གློག་བརྙན་དྲག་འདེམས་གནང་བའི་སྐབས་བོད་ནང་གསང་བའི་ཐོག་ནས་པར་ལེན་བྱས་པའི་གློག་བརྙན་དེ་བཞིན་གློག་བརྙན་རྩེ་ཕུད་གསུམ་ཁོངས་ཚུད་བཞག རོའོ་རི་པེཀ་ཞེས་པའི་བྱ་དགའ་དེ་བཞིན་ཕྱི་ལོ་༡༩༩༥ལོར་རྒྱལ་ས་ལོན་ཌོན་ནང་གསར་འཛུགས་གནང་བའི་རོའོ་རི་པེཀ་དགེ་རྩ་ཚོགས་པས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་དགེ་རྩ་ཚོགས་པ་དེས་སྒེར་གྱི་གསར་འགོད་པས་གནས་ཚུལ་བསྡུ་རུབ་སོགས་གསར་འགོད་པའི་ལས་ཀ་བྱེད་པའི་སྐབས་རང་སྲོག་ཤོར་བ་དང་རྨས་སྐྱོན་ཤོར་བ།ཁྲིམས་སར་ལྷུང་བ་སོགས་ཀྱི་གསར་འགོད་པ་ཚོའི་ནང་མི་བུ་ཕྲུག་ལ་རོགས་རམ་གནང་གི་ཡོད་འདུག དངོས་བྱུང་གློག་བརྙན་དེ་བཞིན་གསར་འགོད་པ་དེ་གཉིས་ཀྱིས་སྣུམ་འཁོར་ཆུང་ཆུང་ཞིག་ནང་བོད་ས་ཡོངས་སུ་སྐོར་བསྐྱོད་བྱས་ཏེ་རྒྱ་མིའི་ཉེན་རྟོག་པ་དང་བདེ་སྲུང་མི་སྣས་མ་མཐོང་བར་གབ་ཡིབ་བྱེད་བཞིན་དཀའ་ངལ་ཆེན་པོའི་ངང་ནས་པར་ལེན་དང་བོད་མི་དཀྱུས་མར་འདྲི་བ་འདྲི་ལན་བྱས་ནས་བཟོས་པའི་དངོས་བྱུང་གློག་བརྙན་ཞིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎