བཀྲ་ཤིས་དབང་ཕྱུག་ལགས་གློད་བཀྲོལ་ཡོང་ཆེད་ལས་འགུལ།


2016.04.12
བཀྲིས་དབང་ཕྱུག་ལགས་དེ་སྔ་པེ་ཅིན་ལ་ཞུ་གཏུགས་ཆེད་བསྐྱོད་སྐབས། བཀྲིས་དབང་ཕྱུག་ལགས་དེ་སྔ་པེ་ཅིན་ལ་ཞུ་གཏུགས་ཆེད་བསྐྱོད་སྐབས།
The New York Times

བཀྲིས་དབང་ཕྱུག་ལགས་གློད་བཀྲོལ་ཡོང་རྒྱུར་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་ལས་འགུལ་སྤེལ་འགོ་ཚུགས་གནང་འདུག།
རྒྱ་ནག་གི་དཔོན་རིགས་ཚོས་འདི་ལོ་ཕྱི་ཟླ་༡པོའི་ཚེས་༢༧ཉིན། མཚོ་སྔོན་ཞིང་ཆེན་ཁུལ་ནས་བོད་པའི་སྐད་ཡིག་སློབ་སྤེལ་དོན་གཉེར་བ་བཀྲིས་དབང་ཕྱུག་ལགས་འཛིན་བཟུང་བྱས་རྗེས། ཁོང་གི་ནང་མི་ཚོས་ཉེ་ལམ་ཕྱི་ཟླ་༣ཚེས་༢༤བར་ཁོང་ག་བར་བཀག་ཉར་བྱས་ཡོད་མེད་སོགས་ཀྱི་སྐོར་ལ་གནས་ཚུལ་ཤེས་རྟོགས་མེད་པ་རེད།     
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་བའི་ནང་། བཀྲིས་དབང་ཕྱུགས་ལགས་ཀྱི་ནང་མིར་བཀྲིས་ལགས་ནས་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བའི་བརྡ་ཁྱབ་སྤྲད་འདུག།
བཀྲིས་དབང་ཕྱུག་ལགས་ནི་བོད་མི་མང་བ་ཡོད་སའི་བོད་པའི་ས་ཁུལ་གྱི་སློབ་གྲྭ་ཁག་ནང་བོད་པའི་སྐད་ཡིག་གཙོ་བོ་སློབ་ཁྲིད་བྱེད་དགོས་ཞེས་དོན་གཉེར་ཆེན་པོ་གནང་མཁན་ཞིག་ཡིན་པ་དང་། ཁོང་གི་སྤྱི་ཚོགས་དྲ་ལམ་ཐོག་བོད་པའི་ཕྲུ་གུ་མང་པོ་ཞིག་སོ་སོའི་ཕ་སྐད་གཙང་མ་རྒྱབ་ཐུབ་ཀྱི་མེད་པར་བློ་འཚབ་གསལ་བཏོན་དང་སྦྲགས་བོད་པའི་རིག་གཞུང་རིམ་པས་རྩ་བརླགས་ཏུ་འགྲོ་རྒྱུའི་ཉེན་ཁ་ཡོད་པའི་གནས་ཚུལ་བྲིས་གནང་ཡོད་པ་དང་།
༢༠༡༥ལོར་ཨ་རིའི་ནིའུ་ཡོརཀ་དུས་བབ་གསར་ཤོག་གིས་ཁོང་གི་སྐོར་རྩོམ་ཡིག་ཅིག་སྤེལ་ཡོད་པ་དང་། ཁོང་གི་སྐོར་དངོས་འབྱུང་གློག་བརྙན་ཐུང་ཐུང་ཞིག་ཀྱང་བཟོས་ཡོད་པ་རེད།   བརྙན་ཐུང་དེའི་ནང་བཀྲིས་དབང་ཕྱུགས་ལགས་ཀྱིས་བོད་པའི་སློབ་གྲྭ་ཁག་ནང་བོད་ཡིག་སློབ་འཁྲིད་བྱེད་ཀྱི་མེད་པའི་དོན་ལ་ས་གནས་རྒྱ་མིའི་དཔོན་རིགས་ཚོར་ཁ་མཆུ་འཛུགས་རྒྱུའི་དོན་དུ་པེ་ཅིང་དུ་ཕེབས་ཡོད་ནའང་ཁོང་གི་གྱོད་གཏུགས་ལ་རོགས་པ་དང་། ཁ་ཡ་བྱེད་མཁན་ཁྲིམས་རྩོད་པ་ཅིག་ཀྱང་བྱུང་མེད་པའི་དཀའ་ངལ་གསལ་བཏོན་བྱས་འདུག།
ད་ཆ་བཀྲིས་དབང་ཕྱུག་ལགས་གློད་བཀྲོལ་ཡོང་རྒྱུར་འབྲེལ་ཡོད་རྒྱ་ནག་གི་དཔོན་རིགས་ཚོར་ཞུ་སྐུལ་གྱི་སྙན་ཞུ་གཏོང་རྒྱུའི་ལས་འགུལ་ཞིག་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་འགོ་ཚུགས་གནང་འདུག།

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎