ཨུ་རུམ་ཆིའི་ནང་ཡུལ་སྐོར་སྤྲོ་འཆམ་པ་ཉུང་དུ་ཕྱིན་པ།

ཤིན་ཅང་གི་རྒྱལ་ས་ཨུ་རུམ་ཆི་ནང་དྲག་ཟིང་བྱུང་རྗེས་ཡུལ་སྐོར་སྤྲོ་འཆམ་པ་ཡོང་མཁན་གྱི་གྲངས་འབོར་ཧ་ཅང་གི་ཉུང་དུ་ཕྱིན་ཡོད་པ།

2009.08.02

༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་འབྲེལ་ཤིང་ཧཱ་གསར་ཤོག་ཐོག་ལ་གནས་ཚུལ་སྤེལ་བའི་ནང་ཁ་སྔོན་ཕྱི་ཟླ་བདུན་པའི་ཚེས་ལྔ་ཉིན་ཤིན་ཅང་གི་རྒྱལ་ས་ཨུ་རུམ་ཆི་ནང་དུ་དྲག་པོའི་ཟིང་ཆའི་དོན་རྐྱེན་གྱིས་རྗེས་སུ་རྒྱལ་ས་ཨུ་རུམ་ཆི་ནང་གི་ཁྲོམ་ར་གཙོ་བོ་དེ་གནས་སྐབས་སྒོ་རྒྱབ་སྟེ་བསྐྱར་དུ་སྒོ་མོ་ཕྱེ་པ་ནས་ད་བར་ཡུལ་སྐོར་སྤྲོ་འཆམ་པ་ཡོང་མཁན་གྱི་གྲངས་འབོར་ཧ་ཅང་གི་ཉུང་དུ་ཕྱིན་ཡོད་པའི་སྐོར་བཀོད་ཡོད་པ་རེད།

དེ་ཡང་རྒྱལ་ས་ཨུ་རུམ་ཆི་རྒྱལ་སྤྱིའི་ཁྲོམ་རའི་ལས་ཁུངས་ཀྱི་དཔོན་རིགས་ཀྲུའུ་ཨའོ་ལིང་གིས་བཤད་དོན་ལ་ཁྲོམ་ར་དེ་ནི་ཁ་སྔོན་ཕྱི་ཟླ་བདུན་པའི་ཚེས་ལྔ་ཉིན་ཟིང་ཆའི་དོན་རྐྱེན་མ་བྱུང་བའི་སྔོན་དུ་ཉིན་ལྟར་བཞིན་ཡུལ་སྐོར་སྤྲོ་ཆམ་པ་འབུམ་གཅིག་ལྷག་ཡོང་མཁན་ཡོད་པ་དང་ཡིན་ནའང་ཕྱི་ཟླ་བདུན་པའི་ཚེས་ལྔའི་ཟིང་ཆའི་དོན་རྐྱེན་བྱུང་བའི་རྗེས་ཉིན་གྲངས་བཅུ་བདུན་རིང་སྒོ་རྒྱབ་པ་དང་ཕྱི་ཚེས་ཉི་ཤུ་གཉིས་ཉིན་བསྐྱར་དུ་སྒོ་ཕྱེ་ཡོད་ཀྱང་ད་ཆ་སྤྱི་ཡོངས་ཀྱི་ཡུལ་སྐོར་སྤྲོ་འཆམ་པ་ཡོང་མཁན་གྲངས་འབོར་ནི་བརྒྱ་ནས་ཉིས་བརྒྱ་བར་ལས་མེད་ཅིང་ཁྲོམ་ར་དེའི་ནང་དུ་ཡོད་པའི་ཚོང་ཁང་རྣམས་ཀྱི་ཡོང་འབབ་ནི་ཡུལ་སྐོར་སྤྲོ་འཆམ་པའི་ཉིན་རེའི་ཉོ་ཚོང་གི་དཔལ་འབྱོར་རྒྱབ་རྟེན་གཙོ་བོ་ཡིན་པ་བརྟེན་ད་རེས་ཤིན་ཅང་ནང་དུ་འཕྲད་པའི་ཟིང་ཆའི་དོན་རྐྱེན་དེ་ཡིས་ཤིན་ཅང་གི་ཡུལ་སྐོར་སྤྲོ་འཆམ་པའི་ཐོག་ཧ་ཅང་གི་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ་ད་ཆ་ཡུལ་སྐོར་སྤྲོ་འཆམ་པ་ཡོང་མཁན་གྱི་གྲངས་འབོར་ཧ་ཅང་གིས་ཉུང་དུ་ཕྱིན་པ་མ་ཟད་ཁྲོམ་ར་སྟོང་པར་ལུས་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།

རྒྱལ་ས་ཨུ་རུམ་ཆི་ནང་གི་ཡུལ་སྐོར་སྤྲོ་འཆམ་པ་བསྐྱིད་ཡུལ་གྱི་ཁྲོམ་ར་གཙོ་བོ་དེར་ས་ཁྱོན་མི་ཊར་གྲུ་བཞི་མ་འབུམ་གཅིག་ཡོད་པ་དང་ཚོང་ཁང་དང་ཁྲོམ་སྐྱག་བཞི་སྟོང་ལྷག་ཡོད་ཅིང་ཡིན་ནའང་རྒྱ་ནག་གཞུང་གིས་ཕྱི་ཟླ་བདུན་པའི་ཚེས་ལྔ་ཉིན་གྱི་ཟིང་ཆའི་དོན་རྐྱེན་ནང་མི་གྲངས་༡༩༧རྐྱེན་ལམ་དུ་ཕྱིན་པ་དང་མི་གྲངས་ཆིག་སྟོང་དྲུག་བརྒྱ་ལྷག་རྨས་སྐྱོན་ཕོག་པ་མ་ཟད་ཁྲོམ་དེའི་ནང་གི་ཚོང་ཁང་མང་པོ་གཏོར་བཅོམ་བྱས་པའི་གནས་ཚུལ་བྱུང་བ་བཤད་དེ་ཕྱི་ཟླ་བདུན་པའི་ཚེས་དྲུག་ནས་ཁྲོམ་ར་དེ་སྒོ་རྒྱབ་ཡོད་པ་རེད། ཁྲོམ་ར་དེའི་ནང་དུ་ཚོང་ལས་གཉེར་མཁན་རྒྱ་ཧན་མི་རིགས་ཤིག་གིས་དེང་སྐབས་ཚོང་རྩ་བ་ནས་མེད་པ་དང་ཁྲོམ་ར་དེ་བསྐྱར་དུ་སྒོ་མོ་ཕྱེ་པ་ནས་གཟའ་འཁོར་གཉིས་ཙམ་དེའི་རིང་ལ་ཉིན་རེའི་ཚོང་གི་ཡོང་འབབ་རྒྱ་མིའི་སྒོར་མོ་བཅོ་ལྔ་ལས་མེད་པ་དེ་ཡིས་ཚོང་ཁང་གཡར་གླ་ཡང་ལོན་རྒྱུ་ཁག་པོ་ཡིན་པ་འགྲེལ་བརྗོད་བྱས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎