ཨ་རི་དང་ཨེ་ཤེ་ཡའི་མཐུན་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་ལ་ཁ་གཏད་གཅོག་པའི་ནུས་པ་ཇེ་ཆེར་གཏོང་ཐབས་བྱེད་ཀྱི་འདུག

2022.02.11
ཨ་རི་དང་ཨེ་ཤེ་ཡའི་མཐུན་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་ལ་ཁ་གཏད་གཅོག་པའི་ནུས་པ་ཇེ་ཆེར་གཏོང་ཐབས་བྱེད་ཀྱི་འདུག ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་གཙོས་ཨོསི་ཊརེ་ལི་ཡ་(Australia)་དང་། ཉི་ཧོང་། རྒྱ་གར་བཅས་ཀྱི་ཕྱི་འབྲེལ་དཔོན་རིགས་རྣམས། ༢།༡༡།༢༠༢༢
AFP

དེ་ཡང་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་གཙོས་པའི་ཨོསི་ཊརེ་ལི་ཡ་(Australia)་དང་། ཉི་ཧོང་། རྒྱ་གར་བཅས་མཐུན་ཕྱོགས་རྒྱལ་ཁབ་ཚོའི་ཆེས་མཐོའི་ཕྱི་འབྲེལ་དཔོན་རིགས་རྣམས། འདི་ཚེས་༡༡་རེས་གཟའ་པ་སངས་ཉིན་ཨོསི་ཊརེ་ལི་ཡའི་གྲོང་ཁྱེར་(Melbourne)་ ནང་ལྷན་འཛོམས་ཀྱིས། ཁོང་ཚོ་རྒྱལ་ཁབ་བཞིའི་མཐུན་ཕྱོགས་རྣམས་མཉམ་འབྲེལ་གཏིང་ཟབ་ཏུ་གཏོང་རྒྱུ་དང་། རྒྱ་ནག་གཞུང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་གཏོང་བའི་བྱ་སྤྱོད་ལ་ཁ་གཏད་ཀྱི་ནུས་པ་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་གནང་གི་ཡོད་པ་རེད།
ལྷན་ཚོགས་མ་ཚོགས་པའི་སྔོན་དེར་ཨོསི་ཊརེ་ལི་ཡའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་(Marise Payne)་ལགས་ཀྱིས། ང་ཚོ་རྒྱལ་ཁབ་བཞི་པོའི་མཉམ་འབྲེལ་ནི་རང་དབང་གི་དམངས་གཙོ་ལག་བསྟར་བྱས་པའི་ཐོག་ནས་ཁ་ཡོད་ལག་ཡོད་ཀྱི་མཉམ་ལས་དང་། རྒྱ་གར་གྱི་ཞི་བདེ་རྒྱ་མཚོའི་རྒྱལ་ཁབ་ཆེ་ཆུང་ཚང་མའི་ཐབས་ཇུས་ཐག་གཅོད་རང་རང་སོ་སོས་བྱེད་ཐུབ་པ་དང་། རྒྱལ་ཁབ་གཞན་གྱི་བཙན་དབང་ལས་རང་དབང་ཡོང་བའི་འགན་ལེན་བསྐྲུན་མཁན་གྱི་གལ་ཆེའི་མ་ལག་ཞིག་ཡིན་པའི་སྐོར་གསུངས་ཡོད་འདུག
དེ་བཞིན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Antony Blinken)་ལགས་ལགས་ཀྱིས། ལྷན་ཚོགས་ཀྱི་སྔ་ནུབ་ཏུ་ཨོསི་ཊརེ་ལི་ཡའི་གསར་ཁང་གི་བཅར་འདྲི་ཞིག་གི་སྐབས། མཐའ་ན་ཨུ་རུ་སུས་ཡུ་ཁུ་རན་(Ukraine)་ལ་ད་ལྟ་བཙན་འཛུལ་གྱི་འཇིགས་སྐུལ་བྱེད་བཞིན་ཡོད་ཀྱང་ཨ་མི་རི་ཀའི་གཞུང་གིས་ད་ལྟའི་དུས་འདིར་ཡུན་རིང་པོར་ཁ་གཏད་བཅོག་དགོས་པ་དེ་ནི་རྒྱ་ནག་གི་འཆར་གཞི་ལྡན་པའི་རྒྱ་བསྐྱེད་དེ་ཡིན་པ་དང་། དེ་ཡང་རྒྱུན་སྲོལ་གྱི་གོ་རིམ་ལྡན་པའི་ཐོག་ནས་ཁ་གཏད་གདོང་ལེན་གནང་གི་ཡོད་པའི་སྐོར་གསུངས་ཡོད་པ་རེད།

གསར་འགོད་པ། ཉི་མ་གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎