ཨ་རིའི་གྲོས་ཚོགས་ནང་རྒྱ་ནག་ལ་སྲིད་ཇུས་འཛིན་སྟངས་ཐད་ཉན་ཞིབ་སྐོང་འཚོགས་གནང་འཆར་འདུག

2023.02.22
ཨ་རིའི་གྲོས་ཚོགས་ནང་རྒྱ་ནག་ལ་སྲིད་ཇུས་འཛིན་སྟངས་ཐད་ཉན་ཞིབ་སྐོང་འཚོགས་གནང་འཆར་འདུག རྒྱ་ནག་དང་ཨ་རིའི་རྒྱལ་དར།
REUTERS

དེ་ཡང་རོའུ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། བདུན་ཕྲག་རྗེས་མའི་རེས་གཟའ་མིག་དམར་ཉིན་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས། རྒྱ་ནག་གི་སྲིད་བྱུས་དང་འབྲེལ་བའི་གནད་དོན་ཐད་རྒྱུས་མངའ་ཆེ་བའི་ཨ་རིའི་གཞུང་འབྲེལ་མི་སྣ་ཁག་ཅིག་གདན་ཞུས་ཀྱིས་དུས་རབས་གསར་པའི་ནང་། རྒྱ་ནག་དམར་ཤོག་ཚོགས་པའི་བཙན་ཤེད་ཀྱི་བྱ་སྤྱོད་ལ་ཕྱོགས་ཡོང་ནས་འཐབ་རྒོལ་བྱེད་ཐབས་སྐོར་ཉན་ཞིབ་ཀྱི་བཞུགས་མོལ་ཚོགས་འདུ་ཞིག་སྐོང་འཚོགས་གནང་རྒྱུ་ཡིན་པ་རེད་འདུག
གོང་ཞུས་ཉན་ཞིབ་ཀྱི་བཞུགས་མོལ་ཚོགས་འདུ་དེ་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་(Micheal McCaul)་ལགས་ཀྱིས་གོ་སྒྲིག་གནང་རྒྱུ་དང་། ཉན་ཞིབ་ཀྱི་བཞུགས་མོལ་ཚོགས་འདུ་དེའི་ཐོག་ཨ་མི་རི་ཀའི་ཚོང་འབྲེལ་སྡེ་ཚན་གྱི་བཟོ་ཚོང་དང་། བདེ་འཇགས་ལས་ཁང་གི་བློན་ཆེན་རིམ་པ་གསུམ་པའི་གོ་གནས་ཡོད་མཁན་དང་། ཨ་མི་རི་ཀའི་རྒྱ་ནག་ནང་འཕྲུལ་རིག་ཕྱི་འདྲེན་དངོས་ཟོག་ཀྱི་ལས་དོན་ཐད་དམ་དྲག་གནང་མཁན་(Alan Estevez)་ལགས་དཔང་པོ་ཕེབས་ཀྱི་ཡོད་པ་མ་ཟད། དེ་མིན་ཨ་མི་རི་ཀའི་བདེ་འཇགས་ལས་དོན་ཐད་ཀྱི་མི་སྣ་ཁག་ཅིག་ཉན་ཞིབ་ཀྱི་བཞུགས་མོལ་ཚོགས་འདུ་དེའི་ཐོག་བར་དཔང་དུ་མཉམ་ཞུགས་གནང་གི་ཡོད་འདུག
ཉེ་ལམ་རྒྱ་ནག་གིས་ཨ་རིའི་མཁའ་དབྱིངས་སུ་བཏང་བའི་སོ་ཉུལ་དབུགས་ལྒང་གི་དོན་རྐྱེན་རྗེས་སུ། ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་དུ་ཕྱིན་ཡོད་པ་རེད། ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཝང་ཡིས་གཉིས་ཐུགས་འཕྲད་བྱུང་ཡང་ཕྱོགས་གཉིས་ཀྱི་ལངས་ཕྱོགས་མཁྲེགས་པོའི་ངང་གནས་ཡོད་པ་ལས་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་པ་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་འདུག།


གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎