ཨ་མི་རི་ཀའི་ནོར་སྲིད་དྲུང་ཆེ་མཆོག་བདུན་ཕྲག་འདིའི་ནང་རྒྱ་ནག་ཏུ་གཟིགས་སྐོར་ཕེབས་འཆར་འདུག

2023.07.03
ཨ་མི་རི་ཀའི་ནོར་སྲིད་དྲུང་ཆེ་མཆོག་བདུན་ཕྲག་འདིའི་ནང་རྒྱ་ནག་ཏུ་གཟིགས་སྐོར་ཕེབས་འཆར་འདུག ཨ་མི་རི་ཀའི་ནོར་སྲིད་དྲུང་ཆེ་ཡེལ་ལེན་(Yellen)་ལགས།
AFP

ཨ་མི་རི་ཀའི་ནོར་སྲིད་དྲུང་ཆེ་ཡེལ་ལེན་(Yellen)་ལགས་ཟླ་འདིའི་ཚེས་༦ནས་༩བར་རྒྱ་ནག་པེ་ཅིན་དུ་གཟིགས་སྐོར་དང་བསྟུན། རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཁག་དང་ཐུག་འཕྲད་ཀྱིས་གནད་དོན་མང་པོ་ཞིག་གི་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་པ་མ་ཟད། ཨ་རིའི་ཕྱོགས་ནས་སེམས་འཚབ་གནང་གཞིར་གྱུར་བ་རྒྱ་ནག་གིས་གསལ་བསྒྲགས་བྱས་མ་ཐག་པ་ཕྱིའི་གསང་ཉུལ་ལ་ཁ་གཏད་གཅོག་པའི་ཕྱི་འབྲེལ་ཁྲིམས་གཞི་གསར་པ་དེ་དང་འབྲེལ་གྲོས་མོལ་གནང་རྒྱུ་ཡིན་ལུགས་ནོར་སྲིད་ལྷན་ཁང་གི་མཐོ་རིམ་མི་སྣ་ཤིག་གིས་གཟའ་ཉི་མའི་ཉིན་འགྲེལ་བརྗོད་བྱས་འདུག ནོར་སྲིད་དྲུང་ཆེ་ཡེལ་ལེན་གྱི་རྒྱ་ནག་ནང་གི་གཟིགས་སྐོར་དེ་བཞིན་ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་མཆོག་གིས་རྒྱ་ནག་དང་མཉམ་པོར་བརྡ་འཕྲིན་འབྲེལ་ལམ་རྒྱ་སྐྱེད་གཏོང་རྒྱུའི་དམིགས་ཡུལ་ཁྲོད་ཀྱི་གཅིག་སྟེ། འཛམ་གླིང་སྟེང་དཔལ་འབྱོར་སྟོབས་ལྡན་ཡུལ་གྲུ་འདི་གཉིས་བར་མི་མཐུན་པའི་བསམ་ཚུལ་བྱུང་དུས་འབྲེལ་བ་བརྟན་བརླིང་དང་ཉེན་ཁའི་རིགས་ཆུང་དུ་གཏོང་རྒྱུར་དམིགས་པ་ཞིག་ཡིན་འདུག
གཞན་ཡང་ཨ་རིའི་ནོར་སྲིད་དྲུང་ཆེ་མཆོག་གིས་རྒྱ་ནག་ནང་གི་འཚམས་གཟིགས་དང་འབྲེལ་ཨ་རིའི་ཕྱོགས་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་། ཨ་རིའི་རྒྱལ་ཡོངས་བདེ་འཇགས་ཁེ་ཕན་བཅས་གཙིགས་ཆེར་འཛིན་པ་དང་མཚུངས་འགྲན་རྩོད་རང་བཞིན་དང་། དེ་བཞིན་གལ་ཆེའི་གནད་དོན་ཞིག་སྟེ་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཐད་མཉམ་ལས་གནང་རྒྱུའི་དགོངས་ཚུལ་གསལ་སྟོན་གནང་རྒྱུ་ཡིན་པ་གནས་ཚུལ་སྤེལ་འདུག


གསར་འགོད་པ། བོད་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎