ཨ་རིས་ཉི་ཧོང་སྲུང་སྐྱོབ་བྱ་རྒྱུ།


2013.04.15
ཨ་རིས་ཉི་ཧོང་སྲུང་སྐྱོབ་བྱ་རྒྱུ། ཨ་རི་དང་ཉི་ཧོང་གི་ཕྱི་སྲིད་དྲུང་ཅེ་རྣམ་གཉིས།
ཨེ་ཨེཕ་པི།

༄༅༎བྱང་ཀོ་རི་ཡས་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ལྷོ་ཀོ་རི་ཡ་དང༌། ཉི་ཧོང་བཅས་པའི་ཐོག་མེ་ཤུགས་འཕུར་མདེལ་གྱི་རྒོལ་རྡུང་གཏང་རྒྱུའི་སྡིག་སྐུལ་བྱེད་བཞིན་པའི་ཉེན་ཁར་གདོང་ལེན་བྱ་ཆེད། ཉེ་ལམ་ཉི་ཧོང་གཞུང་གིས་ཡུལ་དེའི་ནང་ Patriot Missile ཞེས་པའི་མེ་ཤུགས་འཕུར་མདེལ་འགྲེམས་འཇོག་བྱས་པར་བརྟེན། འདི་ཚེས་ ༡༢ ཉིན་བྱང་ཀོ་རི་ཡའི་གསར་འགྱུར་ལས་ཁང་གིས་གནས་ཚུལ་ཞིག་སྤེལ་བའི་ནང༌། ཉི་ཧོང་ཕྱོགས་ནས་ག་དུས་ཡིན་ནའི་བྱང་ཀོ་རི་ཡའི་གསར་བརྗེའི་ལས་དོན་ལ་འགོག་རྐྱེན་བཟོས་ཡོད་པ་དང༌། གལ་སྲིད་ཉི་ཧོང་གིས་བྱང་ཀོ་རི་ཡ་ལ་གནོད་འཚེ་བཟོ་གཞིའི་ལས་དོན་སྤེལ་བ་ཡིན་ཚེ། དམག་འཐབ་ཀྱི་མེ་ལྕེ་ཉི་ཧོང་ནང་འགོ་ཚུགས་རྒྱུ་ཡིན་ཞེས་སྡིག་སྐུལ་བྱས་ཡོད་པར་བརྟེན། འདི་ཚེས་  ༡༤ ཉིན་ཉི་ཧོང་གི་རྒྱལ་ས་ཀྲོག་ཀྱོའི་ནང་ཡུལ་དེའི་ཕྱི་སྲིད་བློན་ཆེན་ Fumio Kishida དང༌ཨ་རིའི་ཕྱི་སྲིད་དྲུང་ཆེ་ John Kerry རྣམ་གཉིས་མཇལ་འཕྲད་གྲོས་མོལ་གནང་བའི་རྗེས། ཨ་རིའི་ཕྱི་སྲིད་དྲུང་ཆེ་ John Kerry ཡིས། གལ་སྲིད་བྱང་ཀོ་རི་ཡའི་ཕྱོགས་ནས་ཉི་ཧོང་ཐོག་དམག་འཐབ་ཀྱི་ཉེན་ཁ་བྱུང་བ་ཡིན་ཚེ། ཨ་རི་གཞུང་གིས་ཉི་ཧོང་སྲུང་སྐྱོབ་བྱ་རྒྱུར་ཆོད་སེམས་བརྟན་པོ་ཡོད་ཅེས་གསལ་བསྒྲགས་གནང་འདུག་པ་མ་ཟད། བྱང་ཀོ་རི་ཡའི་དམག་འཐབ་ཀྱི་ཉེན་ཁར་གདོང་ལེན་བྱ་ཕྱོགས་སྐོར་བཀའ་བསྡུར་གནང་ཆེད། དེ་རིང་ཁོང་གིས་ཉི་ཧོང་གི་སྲིད་བློན་ Shinzo Abe ལྷན་དུའང་མཇལ་འཕྲད་གནང་རྒྱུ་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎