ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཀྱིས་རྡ་རམ་སཱ་ལར་གཟིགས་སྐོར་གནང་འདུག
2018.04.04
ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཀྱིས་རྡ་རམ་སཱ་ལར་གཟིགས་སྐོར་གནང་བར་བོད་མིའི་སྒྲིག་འཛུགས་ཀྱིས་དགའ་བསུ་གནང་འདུག
དེ་ཡང་ཕྱི་ཟླ་༤ཚེས་༤ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་སྐྱིད་དུ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་(Lleana Ros lehtinen)མཆོག་དང་། (Claudia Tenny) མཆོག་གཉིས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་གཟིགས་སྐོར་དུ་ཕེབས་གནང་འདུག
ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཕེབས་བསུའི་སྣེ་ལེན་མཛད་སྒོ་ཞིག་ཚོགས་པའི་ནང་། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། གནས་ཆུང་། དགའ་གདོང་། བཙུན་དགོན་དགའ་ལྡན་ཆོས་གླིང་བཅས་ཀྱི་གྲ་བཙུན་རྣམ་པ། རྡ་རམ་ས་ལའི་ས་གནས་འགོ་འཛིན་དང་ས་འཐུས་རྣམ་པ། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་རྒྱུན་ལས་རྣམ་པ། བོད་ཁྱིམ་དང་སྨན་རྩིས་ཁང་གི་སློབ་ཕྲུག་ མང་ཚོགས་ཁྱོན་ཆེ་བཅས་ཕེབས་ཡོད་འདུག་ལ་ཚོགས་བཅར་བ་ཡོངས་ནས་ཕེབས་བསུ་དང་དགའ་བསུའི་སྣེ་ལེན་ཟབ་རྒྱས་ཞུས་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཕེབས་བསུའི་གསུང་བཤད་གནང་འདུག་ལ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་གཉིས་ནས་ཀྱང་བོད་མིའི་བདེ་སྡུག་གནས་སྟངས་ལ་དུས་རྒྱུན་ཐུགས་སྣང་གནང་བཞིན་པ་དང་། མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་སོགས་ཀྱི་གཏམ་བཤད་གནང་འདུག
ཞིབ་ཕྲ་འདི་གའི་གསར་འགོད་པ་ཨྱོན་བསྟན་འཛིན་ལགས་སུ་ཐད་ཀར་བཀའ་འདྲི་ཞུས་བ་གོང་ནས་གསན་ཐུབ།
གསར་འགོད་པ་ཚེ་དབང་དངོས་གྲུབ།