ཨ་རིའི་གྲོས་ཚོགས་ཀྱིས་བོད་ནང་ཆོས་དད་རང་དབང་སྐོར་གླེང་འདུག


2015.11.16
ཨ་མི་རི་ཀའི་གྲོས་ཚོཊ་ཀྱི་ཚོཊ་གཙོ་ཟུར་པ་ལྕམ་(Nancy Pelosi)ཡིས་དབུ་ཁྲིད་པའི་གྲོས་ཚོཊ་ཀྱི་འཐུས་མིའི་ཚོཊ་པ་བོད་ནང་ལ་ཕེབས་སྐབས། ༢༠༡༥།༡༡།༡༠ ཨ་མི་རི་ཀའི་གྲོས་ཚོཊ་ཀྱི་ཚོཊ་གཙོ་ཟུར་པ་ལྕམ་(Nancy Pelosi)ཡིས་དབུ་ཁྲིད་པའི་གྲོས་ཚོཊ་ཀྱི་འཐུས་མིའི་ཚོཊ་པ་བོད་ནང་ལ་ཕེབས་སྐབས། ༢༠༡༥།༡༡།༡༠
Nancy Pelosi office

ཨ་རིའི་གྲོས་ཚོཊ་ཀྱི་སྐུ་ཚབ་ཚོཊ་པ་བོད་ནང་ཕེབས་ནས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུཊ་རང་དབང་བཅས་ལ་བརྩི་སྲུང་ཞུ་གལ་ཆེ་སྐོར་གསུངས་འདུག
དེ་ཡང་ཨ་མི་རི་ཀའི་གྲོས་ཚོཊ་ཀྱི་ཚོཊ་གཙོ་ཟུར་པ་ལྕམ་(Nancy Pelosi)ཡིས་དབུ་ཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་དམངས་གཙོ་ཚོགས་པའི་འཐུས་མིའི་སྐུ་ཚབ་ཚོགས་པ་ཞིག་གཟའ་འཁོར་གཅིག་ཙམ་རིང་རྒྱ་ནག་ལ་ཕེབས་ཡོད་པ་དང་། དེའི་རིང་སྤྱི་ཚེས་༩ནས་༡༡བར་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་ཕེབས་ཤིང་། བོད་རང་སྐྱོང་ལྗོང་གི་དཔོན་རིགས་ཁྲིན་ཆོན་ཀོ་སོགས་དང་ཐུགས་འཕྲད་གནང་ཡོད་པ་རེད།
ཕྱི་ཚེས་༡༣ཉིན་ལྕམ་Nancy Pelosiཡིས་དབུ་ཁྲིད་པའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་དེ་ཨ་རིའི་ནང་ཕྱིར་ལོག་ཕེབས་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་ཡོད་པ་དང་། གསལ་བསྒྲགས་དེའི་ནང་། ད་རེས་གྲོས་ཚོགས་ཀྱི་དམངས་གཙོ་ཚོགས་པའི་འཐུས་མིའི་སྐུ་ཚབ་ཚོགས་པ་བོད་ནང་ཕེབས་ནས་བོད་ས་མཐོའི་འཚོ་བ་སྐྱེལ་སྟངས་སོགས་ལ་ལྟ་ཞིབ་གནང་རྒྱུ་བྱུང་བར་། སྐུ་ཚབ་ཚོ་ཐུགས་གཉེས་པོ་བྱུང་ཡོད་ལུགས་དང་། དེ་བཞིན་བོད་ནང་ཕེབས་ནས་བོད་རང་སྐྱོང་ལྗོངས་ཀྱི་གུང་ཁྲན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཁྲིན་ཆོན་ཀོ་སོགས་དཔོན་རིགས་ཚོ་དང་ཐུགས་འཕྲད་བྱུང་སྐབས། ཁོང་ཚོར་བོད་ཀྱི་ཁོར་ཡུག་དང་། འགྲོ་བ་མིའི་ཐོབ་ཐང་། ཆོས་ལུགས་རང་དབང་བཅས་ལ་བརྩི་སྲུང་ཞུ་རྒྱུ་གལ་ཆེ་ཡིན་པའི་སྐོར་གསལ་སྟོན་བྱེད་རྒྱུ་བྱུང་བ་མ་ཟད། ད་དུང་རྒྱ་ནག་གི་དཔོན་རིགས་ཚོར་ཨ་རིའི་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཚང་མའི་འཐུས་མི་དང་། ཨ་རིའི་མི་མང་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་སྐྱོར་ཤུགས་ཆེ་ཡོད་པའི་གནས་ཚུལ་གསལ་སྟོན་གནང་ཡོད་པ་གསལ་བསྒྲགས་གནང་འདུག
དེ་འབྲེལ་གྱི་གནས་ཚུལ་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ནང་། ལྕམ་Nancy Pelosiཡིས་བོད་གསར་པར་བྱུང་བའི་འགྱུར་ལྡོག་ཆེན་པོ་དང་། རྒྱ་ནག་གཞུང་གིས་ཆོས་དད་རང་མོས་འགན་ལེན་དང་། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་འབད་བརྩོན་ལ་ཚད་མཐོའི་གདེང་འཇོག་བྱས་ལུགས་དང་། དེ་བཞིན་ཁོང་གིས་རྒྱ་ནག་གཞུང་གི་འབད་བརྩོན་འོག་བོད་མི་དམངས་ཚུད་པའི་ཀྲུང་གོའི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་སྔར་བས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དེར་འཛམ་གླིང་ཡོངས་ཀྱི་མི་དམངས་ཀྱིས་གདེང་འཇོག་གང་ལེགས་བྱེད་ཀྱི་ཡོད་ལུགས་སོགས་གསུངས་ཡོད་པ་འཁོད་འདུག   
ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་Nancy Pelosམཆོག་ནི་འདས་པའི་ལོ་ངོ་༣༠་ཙམ་རིང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་དྲང་བདེན་གྱི་བཀའ་མོལ་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་དང་། བོད་དོན་ཐོག་ལ་ཡང་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་ཞིང་། ལྕམ་Pelosiམཆོག་༢༠༠༩ལོར་རྒྱ་ནག་ནང་ཕེབས་པ་བཟུང་ད་རེས་རྒྱ་ནག་ནང་ཕེབས་པ་ཐོག་མ་དེ་ཡིན་པ་རེད།

གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎