བོད་དེ་དྲག་གནོན་ཚབས་ཆེ་ཕོག་ཡུལ་ཡིན།


2013.03.20
ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་དྲིལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་Robert Menendezམཆོག
ཁོང་སྐུ་སྒེར་གྱི་གཞུང་འབྲེལ་དྲ་གནས།

༄༅། །ཟླ་བ་འདིའི་ཚེས་ ༡༨ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་དྲིལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་རོ་བྷེར་ཊི་མིན་ཌེས་མཆོག་ (Robert Menendez) གིས་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་བའི་བརྒྱུད་བོད་ནང་གི་གནས་སྟངས་ལ་ཐུགས་འཚབ་གནང་འདུག    དེ་ཡང་ཁོང་གི་བསྒྲགས་གཏམ་དེའི་ནང་།    བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་མ་བཟོད་པར་རང་ལུས་མེར་སྲེག་གཏོང་དགོས་ཐུག་པའི་ཛ་དྲག་གི་གནད་དོན་ཡོང་མུས་ཡིན་པའི་ཐོག་ཧ་ཅང་ཐུགས་འཚབ་ཡོང་གི་ཡོད་སྐོར་གསུངས་ཡོད་པ་རེད།    ཁོང་གིས་མུ་མཐུད་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་དགོས་སྐོར་གསལ་ཡོད་པ་ལྟར། བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས་པ་དང་། དེང་སྐབས་བོད་ཀྱི་ས་ཁུལ་ནི་འཛམ་གླིང་འདིའི་ནང་དྲག་གནོན་ཚབས་ཆེ་ཤོས་ཕོག་ཡུལ་གྱི་སྤྱི་ཚོགས་ཤིག་ཆགས་ཡོད་སྐོར་ངོ་སྤྲོད་དང་འབྲེལ། བོད་མིས་ཁ་པར་ནང་སྐད་ཆ་བཤད་པ་ཙམ་གྱིས་བཙོན་འཇུག་གི་ཉེས་པ་ཕོག་ཉེན་ཡོད་པས་མ་ཟད། རང་གི་རྩ་བའི་བླ་མ་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་དད་གུས་ཞུ་རྒྱུའི་རྣམ་འགྱུར་བསྟན་ཚེ།    རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ཉེས་མིང་འོག་ཁྲིམས་ཆད་ཕོག་གི་ཡོད།ཅེས་སོགས་གསུངས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎