ཨ་རིའི་སྲིད་འཛིན་ལ་་བོད་དོན་གླེང་རྒྱུའི་སྐུལ་མ་གནང་འདུག


2017.04.06
བོད་མི་དང་བོད་དོན་རྒྱབ་སྐྱོར་བས་རྒྱ་ནག་གི་སྲིད་འཛིན་ཨ་རིར་ཡོང་བཞིན་པར་ངོ་རྒོལ་སྐབས། ༢༠༡༧།༤།༦ བོད་མི་དང་བོད་དོན་རྒྱབ་སྐྱོར་བས་རྒྱ་ནག་གི་སྲིད་འཛིན་ཨ་རིར་ཡོང་བཞིན་པར་ངོ་རྒོལ་སྐབས། ༢༠༡༧།༤།༦
T-sangmo/FB

ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་གིས་སྲིད་འཛིན་ལ་རྒྱ་ནག་གི་སྲིད་འཛིན་མཉམ་བོད་དོན་གླེང་དགོས་བའི་སྐུལ་མ་གནང་འདུག
དེ་ཡང་འདི་ཟླའི་ཚེས་༦ དང་ཚེས་༧བཅས་ཉིན་གྲངས་གཉིས་རིང་ཨ་མི་རི་ཀའི་Florida མངའ་སྡེའི་ནང་རྟེན་གཞི་བྱས་པ། ཨ་རིའི་སྲིད་འཛིན་ཏྲརམཔ་སྐུ་སྒེར་གྱི་སྤྲོད་གསེང་གནང་ཡུལ་Mara-a-Lago ཞེས་པར།  ཨ་རིའི་སྲིད་འཛིན་Donald Trump མཆོག་དང་རྒྱ་ནག་གི་སྲིད་འཛིན་ཞེ་ཅིང་ཕིང་རྣམ་གཉིས་གྲོས་མོལ་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད། དབུ་འཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་ཀྱི་སྔ་རོལ་དུ། ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་Marco Rubio དང་། དམངས་གཙོ་ཚོགས་པའི་འཐུས་མི་སྐུ་ཞབས་Ben Cardin རྣམ་གཉིས་ཀྱིས་ འདས་པའི་ལོ་ཤས་ནང་རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ཆེད། མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་ལ་དོ་དམ་སྟངས་འཛིན་དང་། རྒྱ་ནག་ནང་གི་སྤྱི་དམངས་ཞབས་ཞུ་ཚོགས་པའི་ཐོག་དམ་དྲག་གི་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་སྐབས་འདིར་ཨ་རིའི་སྲིད་འཛིན་མཆོག་གིས་རྒྱ་ནག་ལ་བརྡ་ལན་ཁ་གསལ་ཞིག་སྤྲོད་རྒྱུ་གལ་ཆེ་བའི་སྐོར་ཕྱི་སྲིད་དྲུང་ཆེ་Rex Tillerson གི་མཚན་ཐོག་ཕྱག་བྲིས་ཞིག་ཕུལ་འདུག
ལྷག་པར་དུ་གྲོས་ཚོགས་ཀྱི་འཐུས་མི་རྣམ་གཉིས་ཀྱི་ཕྱག་བྲིས་དེའི་ནང་། སྲིད་འཛིན་Trump མཆོག་གིས་རྒྱ་ནག་གི་སྲིད་འཛིན་མཆོག་ལ་བོད་ནང་གི་བོད་མིའི་དཔལ་འབྱོར་གྱི་གནས་སྟངས་ཙམ་མ་ཡིན་པར་བོད་མིའི་ཆོས་དང་། རིག་གཞུང་བདག་གཅེས་སྲུང་སྐྱོབ་ཀྱི་གནད་དོན་ངེས་པར་གླེང་དགོས་པ་ནན་སྐུལ་གནང་འདུག
ཡང་ཕྱོགས་མཚུངས་ཚེས་༥ཉིན། ཨ་རིའི་གྲོས་ཚོགས་གོང་མའི་ནང་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་Marco Rubio དང་། Tammy Baldwin རྣམ་གཉིས་དང་། གྲོས་ཚོགས་འོག་མའི་ནང་། གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་Jim McGovern དང་། Randy Hultgren རྣམ་གཉིས་ནས་ Reciprocal Access to Tibet Act འམ་བོད་ཐོག་བཟུང་བའི་སྲིད་ཇུས་ཀྱི་ཐོག་ནས་གཅིག་ལན་གཅིག་མཇལ་དགོས་པའི་ཁྲིམས་འཆར་ཞིག་ངོ་སྤྲོད་ཞུས་འདུག་ལ། ཁྲིམས་འཆར་གྱི་ནང་དོན་གཙོ་བོར་རྒྱ་ནག་གི་མི་སེར་ཨ་རིེར་རང་དབང་ངང་འགྲོ་བསྐྱོད་ཆོག་གི་ཡོད་པ་ལྟར། དེ་མཚུངས་ཨ་རིའི་མི་སེར་ཡང་བོད་ནང་རང་དབང་ངང་འགྲོ་བསྐྱོད་ཀྱི་ཐོབ་ཐང་དགོས་པ་གསལ་ཡོད་པ་རེད།
གྲོས་ཚོགས་ཀྱི་འཐུས་མི་Jim McGovern མཆོག་གིས། གལ་ཏེ་ཨ་རི་གཞུང་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུར་ཁ་ཞེ་གཉིས་མེད་ཀྱི་མདུན་པ་ཡོད་ཚེ་ཚིག་ཙམ་མིན་པར་དངོས་སུ་ལག་ལེན་དུ་འཁེལ་དགོས་པ་དང་། ད་རེས་ཀྱི་ཁྲིམས་འཆར་དེས་བོད་ཐོག་རྒྱ་ནག་གི་དྲག་གནོན་གྱི་སྲིས་ཇུས་ལ་དགག་ལན་གསལ་པོ་མཚོན་གྱི་ཡོད་པ་གསལ་འདོན་གནང་འདུག།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎