ཨ་མེ་རི་ཀའི་ཕྱི་སྲིད་དྲུང་ཆེ་སྦལེང་ཀེན་མཆོག་དང་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་བཅས་ཀྱི་དབུས་འགོ་ཁྲིད་མང་པོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་༧སྐུའི་འཁྲུངས་སྐར་ཉིན་འཚམས་འདྲི་ཞུས་འདུག

2024.07.06
ཨ་མེ་རི་ཀའི་ཕྱི་སྲིད་དྲུང་ཆེ་སྦལེང་ཀེན་མཆོག་དང་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་བཅས་ཀྱི་དབུས་འགོ་ཁྲིད་མང་པོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་༧སྐུའི་འཁྲུངས་སྐར་ཉིན་འཚམས་འདྲི་ཞུས་འདུག
དགའ་ལྡན་ཕོ་བྲང་ཡིག་ཚང་།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༨༩་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་ཨ་མེ་རི་ཀའི་ཕྱི་སྲིད་དྲུང་ཆེ་Anthony Blinken མཆོག་གིས་འཚམས་འདྲི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་༧མགོན་པོ་གང་ཉིད་ནས་འཚེ་བ་མེད་པ་དང་བྱམས་སྙིང་རྗེའི་ཐོག་བཀའ་སློབ་ལམ་བསྟོན་མཛད་བཞིན་པ་ཁག་སྤྱི་དང་ལྷག་དོན་དུ་མི་སྤྱི་ཡོངས་ལ་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་ཐབས་ཆེད་ཆོད་སེམས་བརྟན་པོ་ཡོད་སྟབས་་༧མགོན་པོ་གང་ཉིད་ནི་གཞིས་བྱིས་གཉིས་སུ་འཁོད་པའི་བོད་མི་ཡོངས་དང་འཛམ་གླིང་ནང་གི་མི་མང་མང་པོར་སེམས་འགུལ་གནང་མཁན་གྱི་སྐྱེས་ཆེན་ཞིག་ཡིན་སྐོར་སོགས་ཆེ་བསྟོད་ཆེན་པོ་ཞུས་འདུག་ལ་  ཡང་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་ཨ་མེ་རི་ཀའི་ངོས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པ་སྲུང་སྐྱོབ་ཞུ་རྒྱུ་མ་ཟད་གཞན་གྱི་ཐེ་བྱུས་རྩ་བ་ནས་མེད་པར་བོད་ཀྱི་ཆོས་ཕྱོགས་དབུ་ཁྲིད་རྣམས་ཀྱི་ཡང་སྲིད་བོད་མི་རྣམས་ཀྱིས་རང་དབང་སྒོ་ནས་ངོས་འཛིན་ཞུ་ཕྱོགས་ལ་ཡང་རྒྱབ་སྐྱོང་ཞུ་དང་ཞུ་རྒྱུ་ཡིན་པ་ཡང་བསྐྱར་ནན་ཞུ་ཡི་ཡོད་སྐོར་ཡང་གསུངས་འདུག
WhatsApp Image 2024-07-06 at 12.19.48_fa02239c.jpg
དེ་སྔོན་ལོ་ཤས་ནང་རྒྱ་གར་གྱི་སྲིད་བློན་Narendra Modi མཆོག་གིས་ཀྱང་༧མགོན་པོ་གང་ཉིད་ལ་ཞལ་པར་ཕུལ་བ་བརྒྱུད་ནས་སྐུའི་འཁྲུངས་སྐར་ཉིན་འཚམས་འདྲི་དང་སྐུ་ཚེ་ཡུན་རིང་བརྟན་པའི་གསོལ་འདེབས་ཞུས་མྱོང་ཡོད་པ་རེད།འདི་ལོ་དགུང་གྲངས་༨༩་བཞེད་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་ རྒྱ་གར་གྱི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་Kailash Satyarthi ལགས་དང་ཨ་རུ་ཎ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག རྒྱ་གར་གྱི་བློན་ཆེན་Kirin Rijuji མཆོག་ལ་དྭགས་ནས་ཡིན་པའི་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཟུར་པ་བྱམས་དབྱངས་ཚེ་རིང་རྣམ་རྒྱལ་ལགས་དབུས་པའི་རྒྱ་གར་གྱི་གནད་ཡོད་ཆེས་མཐོའི་མི་སྣ་མང་པོས་དེ་དེ་བཞིན་གྱིས་འཚམས་འདྲི་ཞུས་གནང་འདུག
modi.JPG

དེ་རིང་ཕྱི་ལུགས་ལྟར་དགུང་གྲངས་༨༩་བཞེད་པའི་སྐུའི་དུས་ཆེན་ཁྱད་པར་ཅན་ཉིན་ཨ་རུ་ཎ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་༧མགོན་པོ་གང་ཉིད་སྐུ་འཕྲོད་བཞེས་བཟང་ཞིང་སྐུ་ཚེ་ཞབས་པད་སྐལ་བརྒྱར་བརྟེན་པ་སོགས་ཀྱིས་སྨོན་ལམ་གསོལ་འདེབས་ཞུས་གནང་འདུག་ཁོང་གིས་འཁྲུངས་སྐར་དུས་ཆེན་ཉིན་སྟེ་བཀྲིས་བརྟེན་འབྲེལ་བཟང་བའི་ཉིན་མོན་རྟ་དབང་གི་དགའ་ལྡན་ལྷ་ཚེ་དགོན་ལ་གནས་གཟིགས་ལ་ཕེབས་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་པོ་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ལ་མཇལ་དར་ཕུལ་བ་དང་མར་མེ་ཞལ་ཕྱེ་གནང་སྟེ་༧མགོན་པོ་གང་ཉིད་སྐུའི་འཕྲོད་བཞེས་བཟང་བ་དང་སྐུ་ཚེ་རིང་པོ་ཡོང་བ་ ༧མགོན་པོ་གང་ཉིད་ནས་བཀའ་ཆོས་སྩལ་གནང་མཛད་པ་ཁག་གིས་འགྲོ་བ་མིའི་རིགས་ཡོངས་ལ་ལམ་སྟོན་མུ་མཐུད་ནས་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་འདུག
ཡང་རྒྱ་གར་བྱང་ཤར་ཨ་རུ་ཎ་ཅལ་མངའ་སྡེ་ནས་ཡིན་པའི་རྒྱ་གར་གཞུང་གི་བློན་ཆེན་Kirin Rijiju མཆོག་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༨༩་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་འཚམས་འདྲི་ཞུས་གནང་འདུག  ཀི་རིན་རི་ཇི་ཇུ་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་༡༤པ་ཆེན་པོ་མཆོག་དགུང་གྲངས་༨༩་ཕེབས་པའི་སྐུའི་འཁྲུངས་དུས་ཆེན་ཉིན་གུས་བརྩི་ཆེན་པོ་ཞུ་བཞིན་པ་དང་༧མགོན་པོ་གང་ཉིད་སྐུའི་འཕྲོད་བཞེས་བཟང་ཞིང་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་ཞུ་ཡི་ཡོད། ༧མགོན་པོ་གང་ཉིད་ཀྱི་དགོངས་གཞི་དང་ལམ་སྟོན་ཁག་གིས་འགྲོ་བ་མིའི་རིགས་སྤྱི་ཡོངས་ལ་བྱམས་བརྩེ་དང་ཞི་བདེ་སྙིང་རྗེ་ཁྱབ་སྤེལ་ཞུ་འགྱུར་ལམ་སྟོན་གནང་གི་ཡོད་སྐོར་ཡང་གསུངས་འདུག
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ། ཡེ་ཤེས་བཀྲ་ཤིས།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎