ཨ་རིའི་གྲོས་ཚོགས་གོང་མའི་ནང་ཆེ་བསྟོད་ཀྱི་གྲོས་འཆར།

ཨ་རིའི་གྲོས་ཚོགས་གོང་མའི་ནང་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་མཚོན་ཆེད་གྲོས་འཆར་ཞིག་བཏོན་འདུག

2012.09.15

༄༅༎ཨ་རིའི་གྲོས་ཚོགས་གོང་མའི་ནང་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་མཚོན་གྲོས་འཆར་ཞིག་བཏོན་འདུག
གྲོས་འཆར་དེའི་ནང༌། དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་གིས་དམིགས་བསལ་སྐུ་ཚབ་ལ་བསྐོ་བཞག་གནང་སྟེ། རྒྱ་ནག་གཞུང་དང་འབྲེལ་མོལ་སྔ་ཕྱིར་ཐེངས་༩་ཙམ་གནང་ཡོད་པ་དང༌། དུས་ཡུན་དེ་དག་གི་རིང་བོད་ཀྱི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་སླད། དབུ་མའི་ལམ་གྱི་ཐོག་ནས་བོད་ལ་དོན་དམ་གྱི་རང་སྐྱོང་ཡོང་ཐབས་སུ་མཁས་མཛངས་ལྡན་པའི་སྒོ་ནས་རྒྱ་ནག་གཞུང་དང་བོད་གཞུང་བར་གོ་དོན་ལེགས་རྟོགས་ཡོང་རེའི་བཀའ་བསྡུར་གནང་ཡོད་པ་དེར།  ཨ་རི་སོགས་རྒྱལ་སྤྱིའི་ཐོག་ནས་ཀྱང་བོད་ཀྱི་བདེན་པའི་གནད་དོན་རྟོགས་པར་ཕན་རླབས་ཆེན་པོ་བྱུང་ཡོད་པ་དང༌། རྒྱ་ནག་གཞུང་དང་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པའི་བོད་ཀྱི་རྩ་དོན་ཐག་གཅོད་ཡོང་རེའི་ཕྱག་ལས་གཟེངས་སུ་ཐོན་པ་གནང་ཡོད་པ་ངོས་འཛིན་མཚོན་ཆེད་ཡིན་ཞེས་བརྗོད་འདུག
རྒྱ་ནག་གཞུང་གིས་དྲག་གནོན་སྲིད་བྱུས་འོག་བོད་ནང་ཛ་དྲག་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་པ་བརྟེན་ད་ལོ་སྤྱི་ཟླ་༦་ཚེས་༡་ཉིན་ཁོང་དམིགས་བསལ་སྐུ་ཚབ་ཀྱི་མཚན་གནས་ནས་དགོངས་ཞུ་གནང་ཡོད་པ་དང༌། དེ་རྗེས་རྒྱ་ནག་ཕྱོགས་ནས་བོད་རྒྱ་གཉིས་བར་གྲོས་མོལ་གནང་མཁན་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གི་དཔོན་རིགས་མཐོ་གྲས་གཉིས་ཀྱི་ལས་གནས་ཀྱང་འཕོ་འགྱུར་གཏང་ཡོད་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎