རྒྱ་ནག་གི་གསར་འགོད་པ་ཨ་རིའི་ནང་ཡོང་ཆོག་པའི་ཐོངས་མཆན་སྤྲོད་རྒྱུ་དམ་དུ་གཏང་རྒྱུ།


2020.05.09
རྒྱ་ནག་གི་གསར་འགོད་པ་ཨ་རིའི་ནང་ཡོང་ཆོག་པའི་ཐོངས་མཆན་སྤྲོད་རྒྱུ་དམ་དུ་གཏང་རྒྱུ། ཨ་མི་རི་ཀའི་རྒྱལ་ཁབ་བདེ་འཇགས་ཚན་པ།
ཨེཨེཕ་པི།

རྒྱ་ནག་ནང་ཡོད་པའི་ཨ་རིའི་གསར་འགོད་པའི་ཐོག་རྒྱ་ནག་གིས་དམ་དྲག་བྱེད་སྟངས་ལ་ཡ་ལན་སློག་ཕྱིར་ཨ་མི་རི་ཀས་རྒྱ་ནག་གི་གསར་འགོད་པ་ཨ་རིའི་ནང་ལས་དོན་ཆེད་ཡོང་ཆོག་པའི་ཐོངས་མཆན་Visa སྤྲོད་རྒྱུ་དམ་དུ་གཏང་རྒྱུའི་སྒྲིག་གཞི་གསར་པ་གསལ་བསྒྲགས་གནང་འདུག

རུཡེ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། འདས་པའི་ཟླ་ཤས་ནང་ཨ་མི་རི་ཀ་དང་རྒྱ་ནག་གཉིས་དབར་གསར་འགོད་པའི་གནད་དོན་ཐད་ཕན་ཚུན་འཁོན་ལན་སློག་རེས་བྱས་པའི་གནས་ཚུལ་བྱུང་ཡོད་ཅིང་།          ཨ་རིའི་ནང་གི་རྒྱ་ནག་གཞུང་འབྲེལ་གསར་འགྱུར་ལས་ཁང་ལྔ་ཡོད་པ་དེ་ཚོ་ཆབ་སྲིད་ཀྱི་ལས་འགུལ་སྤེལ་མཁན་ཕྱི་རྒྱལ་གཞུང་ཚབ་ཁང་དང་གཅིག་མཚུངས་ངོས་འཛིན་བྱ་རྒྱུ་ཡིན་ལུགས་ཨ་མི་རི་ཀས་གསུངས་པའི་ཟླ་བ་གཅིག་གི་རྗེས་ད་གར་འདི་ལོ་ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་གསར་ཤོག་ཆེ་ཁག་གསུམ་གྱི་གསར་འགོད་པ་རྒྱ་ནག་ནས་ཕྱིར་འབུད་བཏང་ཡོད་པ་རེད།

རྒྱ་ནག་གིས་ཕྱིར་འབུད་བཏང་བའི་གྲས་སུ་ Wall Street Journal གསར་ཤོག་གི་གསར་འགོད་པ་གསུམ་དང་དེ་མིན་ཨ་རིའི་གསར་འགོད་པ་གཉིས་དང་ཨོསི་ཏྲེ་རི་ཡའི་གསར་འགོད་པ་གཅིག་བཅས་ཡོད་པ་རེད།

ཁ་སང་རེས་གཟའ་པ་སངས་ཉིན་གྱི་ཨ་མི་རི་ཀའི་རྒྱལ་ཁབ་བདེ་འཇགས་ཚན་པས་རྒྱ་ནག་གཞུང་གིས་གསར་འགོད་རང་དབང་གི་ལས་དོན་ཐད་དམ་དྲག་བྱས་ཡོད་པའི་སྐྱོན་བརྗོད་གནང་བ་དང་ཆབས་ཅིག་རེས་གཟའ་ཟླ་བ་ནས་བཟུང་ལག་བསྟར་གནང་རྒྱུ་ཡིན་པའི་རྒྱ་ནག་གི་གསར་འགོད་པའི་ཐོག་འཛིན་རྒྱུའི་སྒྲིག་ཁྲིམས་གསར་པ་དེའི་ནང་། ད་ནས་བཟུང་རྒྱ་ནག་གི་གསར་འགོད་པར་ཨ་རིའི་ནང་སྡོད་ཆོག་པའི་ཐོངས་མཆན་ཉིན་གྲངས་༩༠མ་གཏོགས་སྤྲོད་རྒྱུ་མིན་པ་དང་དེ་ནས་ཉིན་གྲངས་འཕར་མ་དགོས་ཚེ་ཐོངས་མཆན་འཕར་འགྱངས་བྱ་རྒྱུའི་འདམ་ག་ཡོད་པ་གསུངས་བཞག

ཡང་ཨ་མི་རི་ཀའི་རྒྱལ་ཁབ་བདེ་འཇགས་ཚན་པས་ད་རེས་ཨ་མི་རི་ཀའི་སྲིད་གཞུང་ནས་རྒྱ་ནག་གི་གསར་འགོད་པའི་ཐོག་འཛིན་པའི་སྲིད་བྱུས་གསར་པ་དེའི་ཐོག་ནས་རྒྱ་ནག་གི་གསར་འགོད་པ་ཨ་མི་རི་ཀའི་ནང་ཡོང་རྒྱུར་ཐོངས་མཆན་སྙན་ཞུ་རྒྱག་མཁན་གསར་འགོད་པ་ཨ་མི་རི་ཀའི་ནང་འཛུལ་བཞུགས་བྱེད་མཁན་གྲངས་ཚད་ཉུང་དུ་གཏོང་གནང་རྒྱུ་ཡིན་པ་གསལ་སྟོན་གནང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎