ཨ་རིས་བོད་དོན་བསྒྲགས་གཏམ་ཤུགས་ཆེ་ཞིག་སྤེལ་རྒྱུ།
2012.12.01
༄༅༎ཨ་རིའི་ཆེས་མཐོའི་དཔོན་རིགས་ནས་བོད་ནང་རང་ལུས་མེ་སྲེག་གཏོང་མཁན་གྱི་ནང་མི་སྤུན་མཆེད་དང་མཇལ་འཕྲད་གནང་ཞིང་། ཨ་མེ་རི་ཀས་བདུན་ཕྲག་རྗེས་མར་བོད་ནང་གི་གནས་སྟངས་ཐོག་བསྒྲཌ་གཏམ་ཤུཌ་ཆེ་ཞིག་སྤེལ་རྒྱུ་ཡིན་ལུཌ་གསུངས་འདུག
ཕྱི་ཚེས་༣༠་ཉིན་ཨ་རིའི་ཕྱི་སྲིད་ལས་ཁང་གི་གསར་འགོད་ལྷན་ཚོཌ་སྐབས། ཨ་རིའི་ཕྱི་སྲིད་ལས་་ཁང་གི་མགྲིན་ཚབ་ལྕམ་བིག་ཊོ་རི་ཡ་ ནུ་ལེན་ཊ་ཡིས་ཡིས། ཁ་སྔོན་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ལས་དོན་ཚོཌ་ཆུང་གི་ལས་དྲུང་ མའི་ཀལ་ པོས་ནར་མཆོག་གིས། བོད་མི་རང་ལུས་མེར་སྲེག་གཏོང་མཁན་གྱི་གཉེན་ཚན་གསུམ་དང་ཐུག་འཕྲད་གནང་སྟེ་ཁོང་ཚོས་སེམས་གསོ་དང་གདུང་སེམས་མཉམ་སྐྱེས་ཡོད་པའི་རྣམ་པ་བསྟན་ཡོད་ལ། བོད་རིགས་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ་དྲག་གནོན་ཆེ་རུ་གཏོང་བཞིན་པ་དང་བོད་མིས་རང་ལུས་མེར་སྲེག་བཏང་བ་དེར་ཨ་རིའི་གཞུང་སེམས་ཚབས་ཧ་ཅང་ཆེན་པོ་ཡོད་པའི་སྐོར་གསུངས་འདུག
ད་དུང་བདུན་ཕྲག་སྔོན་མའི་ནང་མཚོ་སྔོན་ཞིང་ཆེན་ཆབ་ཆ་ནས་གསོ་རིག་སློབ་མ་སྟོང་ཕྲག་ལྷག་གིས་ཞི་རྒོལ་ལ། རྒྱ་མིའི་ཉེན་རྟོག་པས་གདུག་རྩུབ་ཆེན་པོས་དྲག་གནོན་བྱས་ནས་སློབ་མ་༢༠་ལ་རྨས་སྐྱོན་བཟོས་ཡོད་པའི་གནད་དོན་དེ་ང་ཚོས་མུ་མཐུད་དྲིལ་བསྒྲཌ་བྱ་རྒྱུ་མ་ཟད། བདུན་ཕྲག་རྗེས་མའི་ནང་ང་ཚོས་བོད་ཀྱི་གནད་དོན་ཐོག་སྐད་ཆ་དེབས་མང་བ་ཤོད་རྒྱུའི་གོ་རིམ་སྒྲིག་ཡོད་ཅེས་བརྗོད་འདུག།