ཨ་རིས་རྒྱ་གར་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ནང་རྒྱ་ནག་གི་ཤུགས་རྐྱེན་ལ་ཁ་གཏད་གཅོག་ཆེད་མཐུན་ཕྱོགས་རྒྱལ་ཁབ་དང་འབྲེལ་ལམ་ཤུགས་ཆེ་རུ་གཏོང་རྒྱུ།

2022.02.12
ཨ་རིས་རྒྱ་གར་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ནང་རྒྱ་ནག་གི་ཤུགས་རྐྱེན་ལ་ཁ་གཏད་གཅོག་ཆེད་མཐུན་ཕྱོགས་རྒྱལ་ཁབ་དང་འབྲེལ་ལམ་ཤུགས་ཆེ་རུ་གཏོང་རྒྱུ། ཨ་རིའི་ཕྱི་སྲིད་དྲུང་ཆེ་Antony Blinken.
ཨེ་པི།

རེས་གཟའ་པ་སངས་ཉིན་ཨ་མི་རི་ཀའི་སྲིད་འཛིན་Biden གཞུང་གིས་ཤོག་གྲངས་བཅུ་གཉིས་ཅན་གྱི་སྲིད་བྱུས་དང་འབྲེལ་བའི་ཐབས་བྱུས་བསྐྱར་ཞིབ་ཀྱི་ཡིག་ཆ་ཞིག་འདོན་སྤེལ་གནང་བ་དེའི་ནང་། ཨ་མི་རི་ཀའི་གཞུང་ཕྱོགས་ནས་ལྷོ་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་མངའ་ཁུལ་གྱི་མཚོ་གླིང་ཁག་ཆ་ཚང་ཐོག་ཕུགས་རྒྱང་རིང་ལ་ཆོད་སེམས་ཐོག་དོ་སྣང་དེ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པའི་སྐོར་བཀོད་གནང་ཡོད་པ་རེད། ཡང་གོང་ཞུས་ཀྱི་ཨ་མི་རི་ཀའི་གཞུང་གི་སྲིད་བྱུས་དང་འབྲེལ་བའི་ཡིག་ཆ་དེའི་ནང་ཨ་མི་རི་ཀས་རྒྱ་གར་ཞི་བདེ་རྒྱ་མཚོ་མངའ་ཁུལ་ནང་གི་རྒྱལ་ཁབ་ཁག་དང་མཐུན་འབྲེལ་གྱི་འབྲེལ་ལམ་དེ་དེང་རབས་ཅན་ཤིག་ཏུ་བསྒྱུར་ཐབས་དང་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་འབྲེལ་ལམ་དེ་ཤུགས་ཆེ་རུ་གཏོང་རྒྱུ། མངའ་ཁུལ་གྱི་ཚོགས་སྡེ་ཁག་གི་ནུས་སྟོབས་ཆེ་རུ་གཏོང་རྒྱུ་དང་། ལྷག་པར་དུ་རྒྱ་གར་རྒྱལ་ཁབ་དེ་ནུས་ཤུགས་ཆེ་རུ་གཏོང་ཐབས་ཀྱི་གལ་གནད་སྐོར་ཡིག་ཆ་དེའི་ནང་བཀོད་གནང་ཡོད་པ་རེད། ཡང་གོང་ཞུས་ཀྱི་ཡིག་ཆ་དེའི་ནང་མ་འོངས་པའི་ལོ་ངོ་གཅིག་གཉིས་ནང་ཨ་མི་རི་ཀའི་གཞུང་གིས་རྒྱ་གར་དང་ལྷོ་ཞི་བདེ་རྒྱ་མཚོ་མངའ་ཁུལ་ནང་ཕྱི་འབྲེལ་གྱི་ནུས་སྟོབས་དེ་དོན་དམ་ཐོག་རྒྱ་སྐྱེད་གཏོང་གནང་རྒྱུ་ཡིན་པའི་སྐོར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་མཚོ་གླིང་རྒྱལ་ཁབ་ཁག་གི་སྲུང་སྐྱོབ་ཀྱི་ཆེད་ཨ་མི་རི་ཀའི་དྲག་པོའི་དཔུང་དམག་མཐུན་འགྱུར་སྦྱོར་སྤྲོད་གནང་རྒྱུར་གྲོས་མཐུན་ཁག་ཅིག་འཇོག་གནང་རྒྱུའི་གལ་གནད་སྐོར་བཀོད་ཡོད་པ་རེད། གཞན་ཡང་གོང་ཞུས་ཀྱི་ཨ་མི་རི་ཀའི་གཞུང་གི་ཡིག་ཆ་དེའི་ནང་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ནང་ཨ་མི་རི་ཀའི་མཚོ་དམག་གི་དཔུང་དམག་མང་དུ་གཏོང་གནང་རྒྱུའི་མཚོན་དཔལ་འབྱོར་དང་འབྲེལ་བའི་སྲིད་བྱུས་ཀྱི་ཡིག་ཆ་ཞིག་ཀྱང་གང་མགྱོགས་བཏོན་གནང་རྒྱུའི་འཆར་གཞི་ཡོད་པའི་སྐོར་ཡང་བཀོད་གནང་ཡོད་པ་རེད་འདུག།
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎