རྒྱ་མི་ཞིག་ལ་ཨ་རིའི་འཕྲུལ་རྩལ་གྱི་གསང་བ་རྐུ་འཁྱེར་བྱས་པའི་ཉེས་འཛུགས་འོག་ལོ་གཉིས་ཀྱི་ཁྲིམས་ཐག་བཅད་འདུག

2023.01.04
རྒྱ་མི་ཞིག་ལ་ཨ་རིའི་འཕྲུལ་རྩལ་གྱི་གསང་བ་རྐུ་འཁྱེར་བྱས་པའི་ཉེས་འཛུགས་འོག་ལོ་གཉིས་ཀྱི་ཁྲིམས་ཐག་བཅད་འདུག ཨ་རིའི་གློག་ཤུགས་འཕྲུལ་ཆས་བཟོ་ལས་ཁང་གི་ལས་རྟགས་ལྡོག་འཕྲོ
REUTERS

དེ་ཡང་ཨ་མི་རི་ཀའི་ཁྲིམས་འཛིན་ལྷན་ཁང་གིས། ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ནང་གནས་སྡོད་བྱེད་མཁན་རྒྱ་མི་རུས་མིང་ལ་(Zhen)་ཟེར་བས་ཨ་རིའི་(General Electric)་ཞེས་པའི་རླུང་ཤུགས་གློག་འདོན་གྱི་འཕྲུལ་རྩལ་རྐུ་འཁྱེར་བྱས་ནས་རྒྱ་ནག་ལ་ཁེ་ཕན་སྤྲད་ཡོད་པའི་ཉེས་འཛུགས་བྱས་ནས། འདི་ཚེས་༣ཉིན་ཁོང་ལ་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
ད་དུང་ལོ་ན་༥༩་ལ་སོན་པའི་རྒྱ་མི་རིགས་(Xiaoqing Zhen)་ཟེར་བར་ན་ནིང་ཕྱི་ཟླ་༣པའི་ནང་གྱོད་གཏུག་བྱས་ནས་བདུན་ཕྲག་བཞིའི་རིང་དམིགས་བསལ་བཤེར་དཔང་བརྒྱུད་ནག་ཉེས་བཙུགས་སྟེ་ཨ་སྒོར་༧༥༠༠ཙམ་གྱི་དཔལ་འབྱོར་གྱི་ཉེས་ཆད་བཅད་ཡོད་པ་རེད།
ཡང་ཨ་མི་རི་ཀའི་དཔོན་རིགས་ཁག་གིས་རྒྱ་ནག་དེ་བཞིན་ཨ་མི་རི་ཀའི་ཕུགས་རྒྱང་རིང་པོའི་དཔལ་འབྱོར་དང་རྒྱལ་ཡོངས་བདེ་འཇགས་སོགས་ལ་ཉེན་ཁ་བཟོ་མཁན་ཆེ་ཤོས་དེ་ཡིན་པ་དང་། ཨ་མི་རི་ཀའི་གནད་འགག་ཅན་གྱི་འཕྲུལ་རིག་ལག་རྩལ་གྱི་གསང་བ་རྐུ་འཁྱེར་བྱས་ཡོད་པ་བརྗོད་ཡོད་ཀྱང་རྒྱ་ནག་གཞུང་གིས་དེར་ངོས་ལེན་བྱེད་ཀྱི་མེད་པ་རེད།
གོང་གི་རྒྱ་མི་རིགས་(Zhen)་ཟེར་བ་ཁོང་གིས་ཨ་མི་རི་ཀའི་ནེའུ་ཡོག་གྲོང་ཁྱེར་ནང་བཟོ་རྩལ་ཚན་རིག་པའི་ལས་ཀ་བྱས་མྱོང་ཡོད་ཅིང་། ཁོ་པས་ཨ་མི་རི་ཀའི་རླུང་ཤུགས་གློག་འདོན་གྱི་འཕྲུལ་རྩལ་རྐུ་འཁྱེར་བྱས་ཡོད་པ་དང་། སྤྱི་ལོ་༢༠༠༨ལོ་ནས་༢༠༡༨ལོར་བར་ལོ་བཅུའི་རིང་། ཨ་རིའི་གློག་འཕྲུལ་བཟོ་ལས་ཁང་(General Electrics)་ཞེས་པའི་ནང་ལས་ཀ་བྱས་འདུག
ཡང་གནས་ཚུལ་ནང་། དམིགས་བསལ་བཤེར་དཔང་བརྒྱུད་ནས་གྱོད་གཏུག་གིས་དཔང་རྟགས་སྟོན་རྒྱུ་ཡོད་པ་ཞིག་ལ། ཁོ་པས་རྒྱ་ནག་གི་ཁེ་ཕན་ཆེད་དུ་ལྐོག་འབྲེལ་གྱིས་ཨ་རིའི་ཚོང་ལས་གྱི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱས་པ་ར་སྤྲོད་བྱུང་ཡོད་འདུག
ཡང་ན་ནིང་ཕྱི་ཟླ་༡༡པའི་ནང་(Cincinnati)་གྲོང་ཁྱེར་ཏུ་ཨ་མི་རི་ཀའི་དབུས་ཁྲིམས་ཁང་ཞིག་གིས། རྒྱ་མི་རིགས་ཞིག་ལ་ཨ་མི་རི་ཀའི་གནམ་གྲུ་དང་བར་སྣང་གི་འཕྲུལ་རྩལ་ལས་ཁང་ཁག་ཅིག་གི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱས་པའི་ཉེས་འཛུགས་ཀྱིས་ལོ་༢༠འི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད།


གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎