མི་ལོ་ལྔ་བཅུ་ལྷག་གི་རྗེས་ཨ་རིར་གཞུང་ཚབ་ཁང་བསྐྱར་གསོ་བྱུང་བ།


2015.07.21
ཨ་རིར་cubaགཞུང་ཚབ་ཁང་བསྐྱར་གསོ་བྱུང་བ། ༢༠༡༥།༧།༢༠ ཨ་རིར་cubaགཞུང་ཚབ་ཁང་བསྐྱར་གསོ་བྱུང་བ། ༢༠༡༥།༧།༢༠
AFP

ཨ་རི་དང་དང་Cubaརྒྱལ་ཁབ་གཉིས་པོའི་འབྲེལ་ལམ་བསྐྱར་གསོ་བྱུང་བཞིན་པ་ཡིན་ཡང་འབྲེལ་ལམ་འཕེལ་རྒྱས་ཐད་དཀའ་ངལ་འཕྲད་སྲིད་པ།
ཨ་རི་དང་Cubaརྒྱལ་ཁབ་གཉིས་པོའི་འབྲེལ་ལམ་དེང་སྐབས་ཡར་རྒྱས་ཕྱིན་པ་ལྟར། ཨ་རིའི་ནང་གསར་དུ་Cabaའི་གཞུང་ཚབ་ཁང་བསྐྱར་གསོ་བྱས་པའི་སྟེང་དུ་རེས་གཟའ་ཟླ་བའི་ཉིན་Cubaརྒྱལ་དར་ལྷབ་ལྷབ་ཏུ་གཡོ་བཞིན་ཡོད་ཀྱང་ད་དུང་ཡང་ཕྱོགས་གཉིས་པོའི་འབྲེལ་ལམ་ཆ་ཚང་བ་ཞིག་འཕེལ་རྒྱས་འགྲོ་རྒྱུར་དཀའ་ངལ་འཕྲད་རྒྱུ་ཡིན་པ་ངོས་འཛིན་གནང་གི་ཡོད་པ་རེད། ཨ་རི་དང་Cubaའི་རྒྱལ་ཁབ་གཉིས་པོ་འདས་པའི་ལོ་ངོ་ལྔ་བཅུའི་རིང་ལ་དགྲ་ཁ་གཏད་འཁོན་འཛིན་དུ་གནས་པའི་རྗེས་ཉེ་བའི་ཆར་གྱི་ཟླ་བ་བདུན་ཙམ་རིང་ཨ་རི་དང་Cubaགཉིས་པོའི་འབྲེལ་ལམ་བསྐྱར་གསོ་བྱུང་སྟེ་ཨ་རིའི་སྲིད་འཛིན་Obamaདང་། Cubaའི་སྲིད་འཛིན་Raul Castroརྣམས་གཉིས་ཀྱིས་འབྲེལ་ལམ་བསྐྱར་གསོ་གནང་རྒྱུའི་ཁས་ལེན་གནང་བ་ལྟར་དབུ་ཁྲིད་རྣམ་གཉིས་ཀྱིས་རྒྱལ་ཁབ་གཉིས་པོའི་རྒྱལ་ས་སོ་སོའི་ནང་དུ་གཞུང་ཚབ་ཁང་བསྐྱར་གསོ་གནང་ཡོད་པ་རེད།
འོན་ཀྱང་གནད་ཡོད་དཔོན་རིགས་ཀྱིས་ཨ་རི་དང་Cubaརྒྱལ་ཁབ་གཉིས་པོའི་འབྲེལ་ལམ་ཆ་ཚང་བ་ཞིག་རྒྱུན་ལྡན་ཆགས་རྒྱུར་དཀའ་ངལ་མང་པོ་ཞིག་འཕྲད་རྒྱུ་བསྡད་ཡོད་པའི་སྐོར་གསུངས་ཡོད་ཅིང་། དེ་ཡང་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་John Kerryམཆོག་གིས་ཁོང་རིང་མིན་ཕྱི་ཟླ་བརྒྱད་པའི་ཚེས་༡༤ ཉིན་Cubaནང་འཚམས་འདྲིར་ཕེབས་རྒྱུའི་གསལ་བསྒྲགས་གནང་བ་དེ་ནི་༡༩༥༤ནས་བཟུང་ད་བར་ཨ་རིའི་ཆེས་མཐོའི་དཔོན་རིགས་Cubaའི་ནང་འཚམས་འདྲིར་ཕེབས་པ་ཐེངས་དང་པོ་ཡིན་པ་དང་། སྐབས་དེར་ཁོང་གིས་དེང་སྐབས་ཨ་རི་དང་Cubaརྒྱལ་ཁབ་གཉིས་པོའི་འབྲེལ་ལམ་བསྐྱར་གསོ་བྱས་པའི་ལོ་རྒྱུས་ཀྱི་ལེའུ་གསར་པ་དེ་ནི་རྒྱལ་ཁབ་གཉིས་པོ་ཕན་ཚུན་མི་མཐུན་པའི་ཕྱོགས་མང་པོ་ཞིག་གནས་ཡོད་པ་དེ་དག་མེད་པ་བཟོ་ཐུབ་པའི་གནད་དོན་ཞིག་མཚོན་ཐུབ་ཀྱི་མེད་པ་དང་། འོན་ཀྱང་འབྲེལ་ལམ་བསྐྱར་གསོ་དེ་ཡིས་གྲང་དམག་གི་དུས་སྐབས་མཇུག་སྒྲིལ་ནས་ལོ་མང་ཕྱིན་པ་དེར་དངོས་ཡོད་ཀྱིས་ར་སྤྲོད་བྱས་པ་ཞིག་ཡིན་ལ། ལྷག་པར་དུ་འབྲེལ་ལམ་དེ་ཡིས་རྒྱལ་ཁབ་གཉིས་པོ་མཉམ་དུ་ལས་དོན་སྤེལ་རྒྱུར་ཕན་ཐོགས་སྐྲུན་རྒྱུ་ཡིན་པ་དང་། ང་ཚོ་རྒྱལ་ཁབ་གཉིས་པོ་ཕྱོགས་ཕན་ཚུན་གུས་བརྩི་ལྡན་པའི་རྨང་གཞིའི་ཐོག་ནས་ཁྱིམ་མཚེས་བཟང་པོ་ཞིག་ཏུ་གནས་རྒྱུར་མོས་མཐུན་བྱུང་ཡོད་པའི་ཁར་ཨ་རིས་༡༩༦༢ ལོར་Cubaའི་རྒྱལ་ཁབ་ལ་དཔལ་འབྱོར་གྱི་རོགས་རམ་སོགས་ཀྱི་ལས་གཞི་མཚམས་འཇོག་བྱས་ཏེ་ཉེས་ཆད་བཏང་བ་དེར་ཕྱིར་བསྡུ་གནང་རྒྱུའི་འཆར་གཞི་ཡོད་པ་ལྟར་ཉེས་ཆད་ཕྱིར་བསྡུ་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎