ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་ཐེ་ཝན་ལ་རྒྱབ་སྐྱོར་ཆེད་ཐེ་ཝན་ནང་འཚམས་གཟིགས་གནང་བཞིན་འདུག

2024.02.22
ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་ཐེ་ཝན་ལ་རྒྱབ་སྐྱོར་ཆེད་ཐེ་ཝན་ནང་འཚམས་གཟིགས་གནང་བཞིན་འདུག ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་(Mike Gallagher)་ལགས་དང་ཐེ་ཝན་གྱི་སྲིད་འཛིན་ལྕམ་(Tsai Ing-Wen)་གཉིས་མཇལ་མོལ་སྐབས། ༠༢།༢༢།༢༠༢༤
X/iingwen

ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་(Mike Gallagher)་ལགས་ཀྱིས་སྣེ་ཁྲིད་པའི་ཨ་རིའི་གྲོས་ཚོགས་འཐུས་མི་བཞི་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་ཐེ་ཝན་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་དང་། འདི་ཚེས་༢༢ཉིན་ཐེ་ཝན་གྱི་སྲིད་འཛིན་ལྕམ་(Tsai Ing-Wen)་གཙོས་ཐེ་ཝན་གྱི་མཐོ་རིམ་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་ཀྱིས། གཙོ་བོ་རྒྱལ་ཁབ་ཕྱོགས་གཉིས་བར་ཆབ་སྲིད་དང་ཚོང་འབྲེལ་སོགས་ཀྱི་འབྲེལ་ལམ་བཟང་པོ་ཡོང་རྒྱུ་དང་། ལྷག་པར་རྒྱ་ནག་གཞུང་གིས་ཐེ་ཝན་ལ་ཕྱོགས་གང་ཐད་ནས་གནོན་ཤུགས་སྤྲོད་བཞིན་པའི་བྱ་སྤྱོད་ཐད་བཀའ་མོལ་གནང་བ་དང་མཉམ། འབྱུང་འགྱུར་ཨ་མི་རི་ཀའི་རྒྱལ་ཡོངས་འོས་བསྡུའི་ནང་སུར་རྒྱལ་ཁ་ཐོབ་པ་ཡིན་ཡང་ཨ་རིས་ཐེ་ཝན་ལ་སྔར་བཞིན་རྒྱབ་སྐྱོར་མུ་མཐུད་དུ་གནང་རྒྱུ་ཡིན་པ་ནན་བརྗོད་གནང་ཡོད་འདུག

Mike Gallagher Taiwan Tsai Ing Wen (2).jpg
གྲོས་ཚོགས་འཐུས་མི་(Mike Gallagher)་ལགས་ནི་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་ལངས་ཕྱོགས་བརྟན་པོར་འཛིན་མཁན་ཞིག་ཡིན་པ་དང་། ཁོང་གིས་ཐེ་ཝན་གྱི་སྲིད་འཛིན་ལྕམ་(Tsai Ing-Wen)་དང་མཇལ་མོལ་སྐབས། རྒྱ་ནག་གཞུང་གིས་གནོན་ཤུགས་ཇི་ཙམ་སྤྲད་མིན་ལ་མ་བལྟོས་པར་ཨ་རིས་ཐེ་ཝན་ལ་གཡོ་བ་མེད་པའི་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་ནན་བརྗོད་གནང་བ་དང་། ང་ཚོ་ད་རེས་ཨ་རིའི་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་གཉིས་ཀའི་རྒྱབ་སྐྱོར་མཚོན་པའི་སྐུ་ཚབ་བྱས་ནས་ཡོང་བ་ཡིན། སྲིད་དབང་སྒེར་འཛིན་ལམ་ལུགས་ཀྱི་འགྲན་རྩོད་ཁྲོད་ནས་ཐེ་ཝན་གྱིས་རང་དབང་སྲུང་སྐྱོབ་ཀྱི་སྣེ་ཁྲིད་གནང་བར་རྒྱབ་སྐྱོར་དང་བསྔགས་བརྗོད་ཡོད་པ་གསུངས་འདུག
རྒྱ་ནག་གཞུང་གིས་དུས་རྒྱུན་ཨ་རི་དང་ཐེ་ཝན་བར་གཞུང་འབྲེལ་འབྲེལ་ལམ་བྱེད་རྒྱུར་དགག་པ་རྒྱག་ཞོར་ཐེ་ཝན་གྱི་བདག་དབང་རྒྱ་ནག་ལ་ཡོད་པ་བཤད་བཞིན་པ་རེད། ཡིན་ན་ཡང་ཐེ་ཝན་ཕྱོགས་ནས་ཐེ་ཝན་ལ་ཕྱི་རྒྱལ་གྱི་དཔོན་རིགས་གདན་ཞུ་བྱ་རྒྱུའི་ཐོབ་ཐང་ཡོད་པ་མ་ཟད། ཐེ་ཝན་ལ་རྒྱ་ནག་གིས་ཐེ་བྱུས་བྱེད་མི་ཆོག་པ་བརྗོད་ཀྱི་ཡོད་པ་རེད།
གྲོས་ཚོགས་འཐུས་མི་(Mike Gallagher)་ལགས་ཀྱིས་ཐེ་ཝན་ནས་གསར་འགོད་པ་ཚོར། ཐེངས་འདིའི་འཚམས་གཟིགས་དེས་ཨ་རི་དང་ཐེ་ཝན་བར་གྱི་མཉམ་ལས་ཇེ་ཟབ་ཏུ་འགྲོ་བཞིན་པ་དེ་གཏིང་ཟབ་ཏུ་གཏོང་རྒྱུ་དང་། ཐེ་ཝན་གྱི་འགོག་སྲུང་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་གོང་མཐོར་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་གསུངས་ཡོད་འདུག


གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎