ཨ་རིས་རྒྱ་ནག་དང་ལྷན་བོད་དོན་གླེང་འདུག

ཨ་མི་རི་ཀས་རྒྱ་ནག་གི་སྐུ་ཚབ་མཉམ་འགྲོ་བ་མིའི་ཐོབ་ཐང་སྐོར་བཀའ་མོལ་གནང་བའི་སྐབས་བོད་ཀྱི་གནད་དོན་སྐོར་གླེང་སློང་གནང་འདུག

2012.07.26

༄༅།    །འདི་ག་རྒྱལ་ས་ཝ་ཤིང་ཀྲོན་དུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཕྱག་རོགས་མའེ་ཀལ་ པོས་ནར་མཆོག་གིས་སྣེ་འཁྲིད་པའི་འབྲེལ་ཡོད་དཔོན་རིགས་དང་། རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་འབྲེལ་མཐུད་སྐུ་ཚབ་དང་། དེ་བཞིན་གཞུང་ཚབ་ལས་བྱེད་བཅས་ཀྱི་དབར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་གྲོས་མོལ་གནང་ཡོད་པ་དང་།    ཁ་ས་རེས་གཟའ་ལྷག་པའི་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཕྱག་རོགས་ཀྱིས་རྒྱ་ནག་གཞུང་ནས་དཔལ་འབྱོར་གྱི་གནས་སྟངས་ཡག་ཏུ་བཏང་བ་ནང་བཞིན་གཞུང་གི་ལས་དོན་སྤེལ་ཕྱོགས་ལ་མི་འགྲིགས་པའི་སྐྱོན་བརྗོད་བྱེད་མཁན་དང་ལྟ་བ་མི་མཐུན་མཁན་ཚོའི་ཐོག་ལའང་བསམ་བློ་གུ་བཤངས་ཀྱི་ཐོག་ནས་སོ་སོའི་བསམ་ཚུལ་བཏོན་ཆོག་པ་བཟོ་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་བརྡ་ལན་གསལ་པོ་སྤྲད་ཡོད་པ་རེད།    དེས་མ་ཟད་རྒྱ་ནག་གཞུང་ནས་འཛིན་བཟུང་བཙོན་བཅུག་བྱས་པའི་ཁྲིམས་རྩོད་པ་དང་། ཆོས་ཕྱོགས་ཀྱི་མི་སྣ། རྩོམ་པ་པོ་སོགས་མི་སྣ་ཁག་ཅིག་གི་གནས་སྟངས་ཟུར་བཏོན་བྱས་ཡོད་ལུགས་འགྲེལ་བརྗོད་གནང་འདུག རྒྱ་ནག་གི་ཕྱོགས་ནས་ཀྱང་ཨ་མི་རི་ཀ་རང་ཉིད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། མི་རིགས་དབྱེ་འབྱེད། བཙོན་ཁང་གི་གནས་སྟངས་སོགས་ལ་ལྟ་དགོས་ལུགས་ཚུར་སྐྱོན་འཛུགས་བྱས་པའི་སྐོར་ཡང་ཁོང་གིས་འགྲེལ་བརྗོད་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎