ཚོང་ཁང་ནས་ཆང་རག་དང་ཐ་མག་ཚོང་འགྲེམ་བྱེད་དགོས།


2015.05.06
རྒྱ་ནག་གིས་བཏང་བའི་བརྡ་ཁྱབ་ཡིག་ཆ། ༢༠༡༥།༤།༢༩ རྒྱ་ནག་གིས་བཏང་བའི་བརྡ་ཁྱབ་ཡིག་ཆ། ༢༠༡༥།༤།༢༩
Photo: RFA

རྒྱ་ནག་གིས་ཁ་ཆེའི་ཆོས་ལུཊ་ཀྱི་ཤུཊ་རྐྱེན་ཉམས་རྒུད་དུ་གཏོང་ཐབས་སླད་ཚོང་ཁང་ནས་ཆང་རག་དང་ཐ་མག་ཚོང་འགྲེམ་དགོས་བ་བརྡ་བཏང་འདུག
དེ་ཡང་རྒྱ་ནག་གི་དབང་འོག་ཏུ་ཡོད་པའི་ཤིན་ཅིང་ངམ་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ནང་། ཁ་ཆེའི་ཆོས་ལུགས་ཀྱི་ཤུགས་རྐྱེན་ཉམས་རྒུད་དུ་གཏོང་ཐབས་སླད་རྒྱ་ནག་གཞུང་གིས་ཁུལ་དེའི་ནང་གི་ཚོང་ཁང་དང་བཟའ་ཁང་སོགས་ནས་ཆང་རག་དང་ཐ་མག་ཚོང་འགྲེམས་བྱེད་དགོས་པ་བཙན་ཤེད་ཀྱི་བརྡ་ཁྱབ་བཏང་ཡོད་པ་དང་། དེའི་སྐོར་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡུ་གུར་སྡེ་ཚན་ལ་གནས་ཚུལ་འབྱོར་བ་ལྟར་ན། ཉེ་སྔོན་ཕྱི་ཟླ་༤པའི་ཚེས་༢༩ཉིན་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དུ་ཡོད་པའི་Laskuyཞེས་པའི་གྲོང་སྡེ་ལས་ཁུངས་ཀྱི་དཔོན་རིགས་ཚོས་Aktashཞེས་ཁུལ་དེའི་ནང་ཁ་ཆེ་མི་འབོར་གཙོ་བོར་གྱུར་བའི་གྲོང་གསེབ་ཀྱི་ཚོང་ཁང་དང་། ཟ་ཁང་ཡོངས་རྗོགས་ནང་ཕྱི་ཟླ་༥པའི་ཚེས་༡འགྱང་མེད་ཆང་རག་དང་། ཐ་མག་སྣ་ཁ་མི་འདྲ་བ་ཁག་ལྔ་ཚོང་འགྲེམས་འགོ་འཛུགས་བྱ་དགོས་ལུགས་གྲོང་གསེབ་ཀྱི་ལས་དོན་ཚོགས་ཆུང་གིས་བརྡ་ཁྱབ་གསལ་བསྒྲགས་བྱས་ཡོད་པ་རེད། ཐ་མག་དང་ཆང་རག་ཚོང་འགྲེམས་བྱ་དགོས་པའི་ཐག་གཅོད་དེ་བཞིན་གོང་རིམ་གུང་ཁྲན་ཏང་གི་བཀོད་ཁྱབ་གཞིར་བཟུང་ཡིན་པ་བརྡ་ཁྱབ་དེའི་ནང་གསལ་ཡོད་པ་མ་ཟད། གཞུང་འབྲེལ་གྱི་བཀོད་ཁྱབ་དེར་སྣང་མེད་བཏང་ཚེ་ཚོང་ཁང་དང་ཟ་ཁང་གང་རུང་སྒོ་རྒྱབ་ཏུ་འཇུག་རྒྱུ་དང་། ཚོང་ལས་ཀྱི་བདག་པོ་ཁྲིམས་ཐོག་བཀལ་རྒྱུ་ཡིན་པ་ཉེན་བརྡ་བཏང་ཡོད་འདུག ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡུ་གུར་སྡེ་ཚན་ནས་གོང་གསལ་Aktash ཞེས་པའི་གྲོང་གསེབ་ཀྱི་ཆབ་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་Perhat Roziཞེས་པར་བཅར་འདྲི་བྱ་སྐབས། ཁོས་ལན་འདེབས་གང་ཡང་བྱས་མིན་འདུག་ཀྱང་ཆབ་སྲིད་ལས་དོན་ཚོགས་ཆུང་གི་དྲུང་ཆེ་Adi Sulayman ཞེས་པས་ས་ཁུལ་དེའི་ནང་ཆང་རག་དང་ཐ་མག་སོགས་ཚོང་འགྲེམས་བྱ་དགོས་པའི་ཐག་གཅོད་དེ་ཁ་ཆེའི་ཆོས་ལུགས་ཀྱི་ཤུགས་རྐྱེན་ཉམས་རྒུད་དུ་གཏོང་བའི་ལས་དོན་གྱི་ཆ་ཤས་ཤིག་ཡིན་པ་འགྲེལ་བརྗོད་བྱས་འདུག ཁོ་པས་བརྗོད་དོན་ལྟར་ན། ཁ་ཆེ་ཆོས་ལུགས་ཀྱི་ཤུགས་རྐྱེན་འོག་༢༠༡༢ནས་བཟུང་Aktashདང་། Laskuyལ་སོགས་པའི་ས་གནས་ཀྱི་གྲོང་གསེབ་དང་། གྲོང་སྡེ་ཕལ་ཆེ་བའི་ནང་ལོ་ན་༡༦ནས་༤༥བར་གྱི་མི་འབོར་བརྒྱ་ཆ་༧༠ནས་༨༠ཙམ་གྱིས་ཆང་འཐུང་པ་དང་། ཐ་མག་འཐེན་རྒྱུ་མཚམས་འཇོག་བྱས་ཡོད་སྟབས་ཚོང་ཁང་གི་བདག་པོ་ཚོས་ཀྱང་དེ་དག་ཚོང་འགྲེམས་མཚམས་འཇོག་བྱས་ཡོད་པ་གསལ་འདོན་བྱས་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎