གྲྭ་བསྟན་འཛིན་ཤེས་རབ་ལ་བཙོན་ཁྲིམས་བཅད།

ཉ་མཚོ་ཟིལ་དཀར་དགོན་པའི་དགེ་འདུན་པ་བསྟན་འཛིན་ཤེས་རབ་ལ་རྒྱ་གཞུང་གིས་ལོ་གཅིག་གི་བཙོན་ཁྲིམས་བཅད་འདུག

2012.11.04

༄༅༎ཕྱི་ཟླ་༡༡ཚེས་༤བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག ཉ་མཚོ་ཟིལ་དཀར་དགོན་པའི་དགེ་འདུན་པ་བསྟན་འཛིན་ཤེས་རབ་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ཟླ་བ་གཅིག་ཕྱིན་པའི་རྗེས། ལོ་གཅིག་གི་བཙོན་འཇུག་ཉེས་ཆད་ཐག་གཅོད་བྱས་ཡོད་པའི་སྐོར་གནས་ཚུལ་སྤེལ་འདུག
རྒྱ་ནག་གཞུང་གིས། དགུང་གྲངས་༢༨ ལ་སོན་པའི་ཉ་མཚོ་ཟིལ་དཀར་དགོན་པའི་སྐུ་ཞབས་བསྟན་འཛིན་ཤེས་རབ་ལགས་འདི་ལོའི་ཕྱི་ཟླ་༡༠ པའི་ཚེས་༡ ཉིན་སྐྱེ་རྒུ་མདོའི་ཁྲི་འདུ་ས་གནས་ནས་འཛིན་བཟུང་བྱས་པ་དང༌། ཟི་ལིང་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་སྐུ་ཞབས་བསྟན་འཛིན་ཤེས་རབ་ལགས་ཀྱིས་ནང་མི་དང་སྤུན་ཉེ་སོགས་སུ་གཅིག་ཤེས་རྟོག་མེད་པར་ཁྲིམས་རྭ་ཚོགས་ཏེ་བཙོན་འཇུག་གི་ལོ་ཚད་ཐག་གཅོད་བྱས་པ་དང། དེ་རྗེས་ཁྲི་འདུ་ས་གནས་བདེ་འཇགས་ལས་ཁུང་གི་དཔོན་རིགས་ནས་ཁོང་གི་ནང་མིར་ཁ་པར་བཏང་སྟེ། བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་གནས་ཚུལ་བཤད་ཡོད་ཀྱང་ཁོང་ལ་ལོ་གཅིག་གི་བཙོན་འཇུག་ཉེས་ཆད་བཏང་དགོས་པའི་ནག་ཉེས་ཇི་ཡིན་གནས་ཚུལ་རྩ་བ་ནས་བཤད་མེད་པ་མ་ཟད། སྐུ་ཞབས་བསྟན་འཛིན་ཤེས་རབ་ལགས་བཙོན་འཇུག་གི་ཉེས་ཆད་ཐག་གཅོད་བྱས་པའི་ཉིན་མོ་ནས་རྩིས་ཏེ་ཟླ་བ་གསུམ་རིང་ནང་མི་ཐུག་འཕྲད་བྱ་ཆོག་གི་མེད་པ་ཁྲིམས་ཁང་གི་ཐག་གཅོད་བྱས་ཡོད་པའི་སྐོར་བཤད་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎