བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་གིས་ལྦིཡེཏ་ནམ་གྱི་སེར་སྐྱ་ཕོ་མོ་༢༧ལ་མཇལ་ཁ་སྩལ་གནང་བ།

2024.11.15
བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་གིས་ལྦིཡེཏ་ནམ་གྱི་སེར་སྐྱ་ཕོ་མོ་༢༧ལ་མཇལ་ཁ་སྩལ་གནང་བ། ལྦིཡེཏ་ནམ་མཇལ་བཅར་བ་རྣམས། ༢༠༢༤།༡༡།༡༥ ཉིན།
RFA

༸གོང་ས་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཟླ་༡༡པའི་ཚེས་༡༥ཉིན། ཕྱི་ནང་གི་སེར་སྐྱ་དད་ལྡན་པ་སྤྱི་དང་ཁྱད་པར་དམར་ཤོག་ལྦིཡེཏ་ནམ་རྒྱལ་ཁབ་ནས་ཆེད་ཕེབས་གནང་བའི་སེར་སྐྱ་ཕོ་མོ་རྒན་གཞོན་ ༢༧ ཙམ་ལ་ཐུགས་དགྱེས་བརྩེ་ཆེན་པོའི་སྒོ་ནས་མཇལ་ཁ་སྩལ་གནང་ཡོད་པར་བརྟེན།  ལྦིཡེཏ་ནམ་ནས་ཆོས་མཇལ་བ་ཏྲུག་ལམ་ཧྥཊ་ཐེན་ལགས་ནས། མོ་རང་༸གོང་ས་མཆོག་ལ་མཇལ་བ་ཐེངས་བཞི་པ་ཡིན་ནའང་། ངོ་མཚར་ཆེན་པོ་དང་སེམས་ནང་དགའ་ཚོར་དཔག་མེད་བྱུང་བ་མ་ཟད། སེམས་ཀྱི་ཚོར་བ་མང་པོ་ཞིག་བརྗོད་ཤེས་ཀྱི་མི་འདུག་ཅིང་། མགོན་པ་གང་ཉིད་མཇལ་བ་ཙམ་གྱིས་སེམས་ནང་གི་ཁོང་ཁྲོ་དང་སྡུག་བསྔལ་མང་དག་ཅིག་ཞི་འགྲོ་ཡི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག

ཁོང་ཚོ་ལྦིཡེཏ་ནམ་གྱི་ལྷོ་བྱང་དབུས་གསུམ་གྱི་ས་ཁུལ་དང་ཨའོསི་ཊརེ་ལི་ཡ། ཁེ་ན་ཌ་སོགས་ས་གནས་མང་པོ་ཞིག་གི་མི་རྣམས་ལྷན་འཛོམས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་དང་། རྒྱ་གར་ནང་གནས་སྐོར་དུ་ཡོང་བ་དང་ཆབས་ཅིག་ཏུ་སོ་སོའི་ལུང་པ་ལྦིཡེཏ་ནམ་གྱི་མི་མང་ཚོར་རེ་སྐུལ་ཞུ་འདོད་པ་ནི། མགྱོགས་ནས་མྱུར་དུ་༸གོང་ས་མཆོག་ལ་མཇལ་ཁ་ཞུ་རུ་ཡོང་དགོས་པ་ནི་ཧ་ཅང་གནད་འགག་ཏུ་མཐོང་གི་ཡོད་པ་དང་། མགོན་པོ་གང་ཉིད་ལ་མཇལ་བ་ཙམ་གྱིས་བྱམས་བརྩེའི་ཚོར་བ་ཧ་ཅང་ཆེན་པོ་དང་། སེམས་ནང་གི་ཁོང་ཁྲོ་དང་སྡུག་བསྔལ་ཐམས་ཅད་ཞི་འགྲོ་ཡི་འདུག་ཅེས་འགྲེལ་བརྗོད་གནང་སོང་། ཡང་ཁོང་ཚོ་ལས་དགེ་འདུན་པ་ཧྥུཀ་ཐཱན་ལགས་ནས་ཀྱང་། ང་རང་མགོན་པོ་གང་ཉིད་ལ་མཇལ་ཏེ་དགའ་ཚོར་དང་དད་པ་ཧ་ཅང་ཤུགས་ཆེ་ཞིག་བྱུང་བ་དང་མཚུངས་སུ། མགོན་པོ་གང་ཉིད་ནི་སངས་རྒྱས་ཐུགས་རྗེ་ཅན་དང་དབྱེར་མེད་པའི་སངས་རྒྱས་གསོན་པོ་ཞིག་ཏུ་མཐོང་བ་དང་། ལྷག་པར་མཇལ་ཁ་ཞུ་བ་དང་གཙུག་ལག་ཁང་འདིའི་ཆོས་མཇལ་བ་སོགས་མི་མཐོང་ཚད་ཚང་མར་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཧ་ཅང་ཤུགས་ཆེ་ཚོར་བྱུང་ཞེས་འགྲེལ་བརྗོད་གནང་གི་འདུག

ལྦིཡེཏ་ནམ་རྒྱལ་ཁབ་ནི་ལོ་རྒྱུས་ནང་རྒྱ་ནག་གི་ནང་བསྟན་ཆོས་བརྒྱུད་འཛིན་པའི་རྒྱལ་ཁབ་ཅིག་ཡིན་ནའང་།འདས་པའི་ལོ་ངོ་བཅུ་ཕྲག་དུ་མའི་རིང་དམར་ཕྱོགས་ཚོགས་པས་དབང་དུ་བསྒྱུར་ཏེ་ནང་ཆོས་ཐད་ཉམས་ཆག་ཆེན་པོ་བྱུང་ཡོད་པས། ད་ཆ་ལྦིཡེཏ་ནམ་ནང་དུ་ནང་ཆོས་ཡང་དར་དང་བསྐྱར་གསོ་བྱེད་པའི་སྒང་ཡིན་པར་བརྟེན། ༸གོང་ས་མཆོག་ལ་མཇལ་བཅར་ཆེད་ལྦིཡེཏ་ནམ་པའི་ཡུལ་མི་ཧ་ཅང་མང་པོ་ལོ་རེ་བཞིན་ཡོང་གི་ཡོད་པ་རེད།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎