ལྦིཏི་ནམ་གྱི་གསར་འགོད་པ་ལ་བཙོན་འཇུག་ཐག་གཅོད་བྱས་པ།

ལྦིཏི་ནང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་སྐོར་གནས་ཚུལ་འགྲེམས་སྤེལ་བྱས་པར་གསར་འགོད་པ་ལ་ལོ་གཉིས་རིང་བཙོན་འཇུག་ཐག་གཅོད་བྱས་པ།

2008.10.15

༄༅༎ལྦིཏི་ནམ་གཞུང་གི་འབྲེལ་ཡོད་དཔོན་རིགས་ལས་བྱེད་ཁག་ནས་ལྐོག་ཟ་རུལ་སུངས་ཀྱི་ལས་དོན་ཤུགས་ཆེ་སྤེལ་བའི་གནད་དོན་སྐོར་གསར་འགོད་པས་གནས་ཚུལ་འགྲེམས་སྤེལ་བྱས་པར་དེ་རིང་གསར་འགོད་པ་ཞིག་ལ་ལོ་གཉིས་རིང་བཙོན་འཇུག་བྱེད་རྒྱུའི་གཞུང་འབྲེལ་ཐག་གཅོད་བྱས་ཡོད་པ་རེད་

དེ་ཡང་ལྦིཏི་ནམ་གཞོན་ནུ་ཞེས་པའི་གསར་ཤོག་གི་གསར་འགོད་པ་ཐན་ནིཡེན་ཡིས་ལྦིཏི་ནམ་གཞུང་གི་འགྲིམས་འགྲུལ་བློན་ཆེན་སོགས་གཞུང་འབྲེལ་གྱི་མཐོ་རིམ་དཔོན་རིགས་ཁག་ཅིག་ནས་ལྐོག་ཟ་རུལ་སུངས་བྱས་པའི་གནས་ཚུལ་ལོ་གསུམ་སྔོན་གསར་ཤོག་ཐོག་འགྲེམས་སྤེལ་བྱས་པའི་གནས་སྟངས་སོགས་ཀྱི་ཐོག་ནས་ད་རིང་གསར་འགོད་པ་དེ་ལ་ལོ་གཉིས་རིང་བཙོན་འཇུག་བྱེད་རྒྱུ་དང་དེ་བཞིན་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱེད་མཁན་གཞུང་གི་ཉེན་རྟོག་མི་སྣ་ཞིག་ལ་ལོ་གཅིག་རིང་བཙོན་འཇུག་བྱེད་རྒྱུ་ཧ་ནོའི་ཁྲིམས་ཁང་ཆེན་མོས་ཁྲིམས་ཐག་བཅད་ཡོད་པ་དང་དེ་བཞིན་གནས་ཚུལ་མཁོ་སྤྲོད་བྱེད་མཁན་ཉེན་རྟོག་པའི་དཔོན་རིགས་ཤིག་དང་ལྦིཏི་ནམ་གི་གཞོན་ནུའི་གསར་འགོད་པ་ལྦེན་ལྦིཏ་ཆིན་གཉིས་དེ་རིང་གློད་བཀྲོལ་བཏང་ཡོད་པ་རེད་ གོང་ཞུས་བཙོན་འཇུག་བྱས་པའི་གསར་འགོད་པ་དེ་དང་གནས་ཚུལ་མཁོ་སྤྲོད་བྱེད་མཁན་ཉེན་རྟོག་མི་སྣ་དེ་གཉིས་གིང་མང་གཙོའི་རང་དབང་གི་ཐོབ་ཐང་བེད་སྤྱོད་ལོག་པ་བྱས་དེ་གཞུང་གི་ལས་དོན་ཁག་ལ་ཐེ་ཇུས་བྱས་པའི་ནག་ཉེས་བཙུགས་སྟེ་བཙོན་འཇུག་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན་ལུགས་ཧ་ནོའེ་མི་མང་ཁྲིམས་ཁང་ནས་དེ་རིང་རེས་གཟའ་ལྷག་པའི་ཉིན་གསལ་སྟོན་གནང་བཞག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎