རྒྱ་གར་གྱིས་བོད་ཐོག་བཟུང་བའི་སྲིད་ཇུས་ལ་འགྱུར་བ་གཏོང་དགོས།


2017.03.21
བོད་དང་རྒྱ་གར་ས་འབྲེལ་ས་ཁྲ། བོད་དང་རྒྱ་གར་ས་འབྲེལ་ས་ཁྲ།
RFA

ས་མཚམས་དང་བོད་ཀྱི་གནད་དོན་ཐད་རྒྱ་གར་གཞུང་གིས་རྒྱ་ནག་ཐོག་ལངས་ཕྱོགས་མཁྲེགས་པོ་འཛིན་དགོས་བའི་དཔྱད་རྩོམ་སྤེལ་འདུག
དེ་ཡང་༢༠༠༥ ལོར་གཏན་འབེབས་བྱས་པའི་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་གྲོས་མཐུན་ལ་རྒྱ་ནག་གཞུང་གིས་རྩིས་མེད་རྡོག་རོལ་གཏོང་བཞིན་པར་བརྟེན་རྒྱ་གར་གཞུང་ནས་ ས་མཚམས་ཀྱི་རྩོད་རྙོག་ཙམ་མ་ཟད། བོད་ཀྱི་གནད་དོན་ཐད་ནས་ཀྱང་རྒྱ་ནག་ཐོག་ལངས་ཕྱོགས་མཁྲེགས་པོ་བཟུང་དགོས་པའི་སྐོར་རྒྱ་གར་གྱི་གནད་ཡོད་སྲིད་དོན་ཉམས་ཞིག་པ་ཞིག་གིས་གསུངས་འདུག
དེ་ཡང་རྒྱ་གར་གྱི་དུས་བབ་ The Times of India་ཉིན་རེའི་གསར་ཤོག་ཐོག དེ་སྔོན་རྒྱ་གར་གྱི་གཅིག་སྡུད་གསང་བའི་ལས་ཁང་ཚོགས་ཆུང་གི་སྤྱི་ཁྱབ་པ་གནང་མྱོང་མཁན་དང་།  གསང་བའི་གནས་ཚུལ་མཁོ་སྒྲུབ་བྱེད་ཕྱོགས་ཆེད་འཛུགས་ཀྱི་ཚོགས་གཙོ། དེ་བཞིན རྒྱལ་ཡོངས་སྲུང་སྐྱོབ་སློབ་སྟོན་པ་གནང་མྱོང་ཡོད་པ་བདེ་འཇགས་ཀྱི་གནད་དོན་ལ་མཁས་དབང་ S.D. Pradhan ཞུ་བས། ཕྱི་ཟླ་ ༣ ཚེས་༢༠ཉིན་ Dragon violates the Sino-Indian agreement of 2005 འམ་༢༠༠༥ལོའི་རྒྱ་དཀར་ནག་གཉིས་ཀྱི་གྲོས་མཐུན་ལ་རྒྱ་ནག་གིས་བརྩིས་མེད་རྡོག་རོལ་བཏང་བ་ཞེས་འགོ་བརྗོད་དུ་འཁོད་པའི་དཔྱད་རྩོམ་ཞིག་སྤེལ་བའི་ནང་། སྐུ་ཞབས་Pradhan ལགས་ཀྱིས། རྒྱ་ནག་གཞུང་གི་ས་མཚམས་དང་འབྲེལ་བའི་གྲོས་མོལ་སྐུ་ཚབ་ཟུར་པ་Dai Bingguo ནས་ཉེ་ཆར་རྒྱ་དཀར་ནག་གི་གྲོས་མོལ་ཞེས་རྒྱ་ནག་གི་དུས་དེབ་ཅིག་གིས་བཅར་འདྲི་བྱས་པའི་ལན་འདེབས་སུ། རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་ཁུལ་གྱི་རྟ་དབང་ཐེ་བས་ས་ཁུལ་མང་པོ་ཞིག་ཁ་བྲལ་ཐབས་མེད་པའི་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་ཙམ་དུ་མ་ཟད། རྟ་དབང་དེ་བཞིན་རིག་གཞུང་དང་འཛིན་སྐྱོང་གི་ལོ་རྒྱུས་སོགས་གང་གི་ཐད་ནས་རྒྱ་ནག་གི་བོད་ཅེས་པའི་ཁྱབ་ཁོངས་ཡིན་ལུགས་དང་། གལ་ཏེ་རྒྱ་གར་གཞུང་ནས་རྒྱ་ནག་གི་ཁེ་ཕན་ལ་བསམ་ཞིབ་བྱས་ཚེ་རྒྱ་ནག་ཕྱོགས་ནས་རྒྱ་དཀར་ནག་གཉིས་དབར་རྩོད་གཞི་ཅན་གྱི་ས་མཚམས་གཞན་ཐོག་རྒྱ་གར་གྱི་ཁེ་ཕན་ལ་བསམ་ཞིབ་ཐུབ་རྒྱུ་ཡིན་པ་བརྗོད་འདུག་པ་དེ་ནི།   སྐུ་ཞབས་Pradhan ཡིས་གསུངས་ན། ༢༠༠༥ ལོར་རྒྱལ་ཁབ་གཉིས་ཀྱིས་ས་མཚམས་ཀྱི་གྲོས་མཐུན་བཞག་པའི་ནང་དོན་དང་འགལ་འཛོལ་ཕྱིན་པ་ཞིག་ཡིན་པ་གསུངས་ཡོད་པ་རེད།  ཁོང་གིས་ཆིངས་ཡིག་དེའི་ནང་། ཕྱོགས་གཉིས་ཀྱི་ས་འབྲེལ་ས་ཁུལ་ནང་མི་སེར་གཏན་འཇགས་ཀྱི་འཚོ་གནས་བྱེད་བཞིན་ཡོད་ཚེ་ས་ཁུལ་དེ་དག་ཁྱབ་ཁོངས་རྒྱལ་ཁབ་དེའི་ཆ་ཤས་སུ་ངོས་འཛིན་བྱ་རྒྱུ་ཡིན་པ་གསལ་བ་ལྟར། ལོ་རྒྱུས་ཀྱི་གནས་སྟངས་ཐད་ནས་རྟ་ཝང་དེ་བཞིན་རྒྱ་གར་གྱི་རྩོད་མེད་ཆ་ཤས་ཡིན་ཞིང་།  དེར་བརྟེན་རྒྱ་ནག་གཞུང་གིས་རྒྱལ་ཁབ་གཉིས་དབར་གྱི་ས་མཚམས་ཀྱི་གྲོས་མཐུན་གྱི་ནང་དོན་ལ་རྒྱ་ནག་གི་འདོད་ཕྱོགས་དང་ཁེ་ཕན་གཞིར་བཟུང་གོ་ནོར་དང་འགྲེལ་བཤད་ལོག་པ་རྒྱབ་བཞིན་ཡོད་པ་གསུངས་འདུག
སྐུ་ཞབས་SD Pradhan ལགས་ཀྱིས་དཔྱད་རྩོམ་གྱི་མཇུག་བསྡོམས་སུ། རྒྱ་གར་གཞུང་ཕྱོགས་ནས་རྒྱ་ནག་དང་འབྲེལ་བའི་སྲིད་ཇུས་ལ་བསྐྱར་ཞིབ་ཀྱིས་རྒྱ་ནག་ལ་བསྟུན་མཁས་ཁོ་ན་མ་ཡིན་པར་དེ་ལས་ལྡོག་སྟེ་རྒྱ་གར་གྱི་ཁེ་ཕན་གཙོ་བཟུང་བྱས་ཐོག་གདོང་ལེན་ནན་པོ་བྱེད་དགོས་པའི་ཁར་བོད་ཀྱི་གནད་དོན་ཐོག་ལ་ཁ་གསལ་གྱི་རྒྱབ་སྐྱོར་དང་། རྒྱ་ནག་གིས་བརྗོད་པའི་བོད་རང་སྐྱོང་ལྗོངས་ཙམ་མ་ཟད། བོད་ས་ཡོངས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་དང་རིག་གཞུང་། ཆོས་དད་རང་དབང་གི་གནད་དོན་བཅས་རྒྱ་ནག་དང་འབྲེལ་བའི་སྲིད་ཇུས་ནང་གླེང་སློང་གཙོ་དོན་བྱེད་དགོས་པ་གསུངས་འདུག།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎