རྒྱ་གར་གྱི་མངའ་ཁུལ་ཀ་ཤི་མིར་ནང་རྔམ་སྟོན་ངོ་རྒོལ།
2010.02.01
༄༅༎རྒྱ་གར་གྱི་ཀ་ཤི་མིར་མངའ་ཁུལ་ནང་ཕྲུ་གུ་བུ་གཅིག་ལ་སྲོག་སྐྱོན་བྱུང་བའི་རྐྱེན་གྱིས་མི་གྲངས་ཉི་ཤུར་རྨས་སྐྱོན་ཕོག་ཡོད་པ་རེད་
རེས་གཟའ་ཉི་མ་ཉིན་རྒྱ་གར་གྱི་ཀ་ཤི་མིར་རྒྱལ་ས་སི་རི་ན་གར་ནང་གཞུང་གི་སྲུང་སྐྱོབ་མི་སྣས་མིག་ཆུ་ཤོར་བའི་དུག་རླང་གཏོང་སྐབས་ཕྲུ་གུ་ལོ་ན་༡༤སོན་པ་ཞིག་ལ་སྲོག་སྐྱོན་བྱུང་བའི་རྗེས་ངོ་རྒོལ་བ་རྣམས་ཀྱིས་ང་ཚོར་རང་དབང་དགོས་ ཁྲག་ལ་ཁྲག་ལན་སློག་གི་ཡིན་ཞེས་སྐད་འབོད་བྱས་ཡོད་པ་རེད་
ངོ་རྒོལ་བྱེད་མཁན་གྱིས་སྲུང་སྐྱོབས་མི་སྣར་རྡོ་གཞུས་པ་དང་སྲུང་སྐྱོབ་མི་སྣས་གནམ་ལ་མེ་མདའ་རྒྱབ་པ་དང་རྒྱུག་པ་གཞུས་པའི་རྐྱེན་གྱིས་ངོ་རྒོལ་བྱེད་མཁན་མི་གྲངས་༡༣དང་སྲུང་སྐྱོབ་མི་སྣ་གྲངས་༧ལ་རྨས་སྐྱོན་ཕོག་ཡོད་པ་རེད་ སྲུང་སྐྱོབ་མི་སྣའི་དཔོན་རིགས་རྣམས་ཀྱིས་གོང་ཞུས་ཕྲུ་གུ་བུ་དེར་སྲོག་སྐྱོན་གཏོང་མཁན་སྲུང་སྐྱོབ་ཀྱི་མི་སྣ་དེ་ལས་གནས་ནས་ཕྱིར་འབུད་བྱས་སྐོར་བརྗོད་ཡོད་པ་རེད་
རྒྱ་གར་གྱི་ཀ་ཤི་མིར་རང་དབང་འཐབ་རྩོད་གནང་མཁན་རྣམས་ཀྱིས་ཕྱི་ལོ་༢༠༠༨ནས་བཟུང་རྔམ་སྟོན་ཁྲོམ་བསྐོར་གྱི་ལས་འགུལ་མང་དག་ཅིག་སྤེལ་ཡོད་ཅིང་རྔམ་སྟོན་ཁྲོམ་བསྐོར་མང་པོ་སྲུང་སྐྱོབ་མི་སྣ་དང་འཐབ་འཛིང་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད་ རྒྱ་གར་གཞུང་གིས་བསྡོམས་ཐོ་བཏོན་པའི་ནང་ཀ་ཤི་མིར་ནང་ལོ་ངོ་༢༠རིང་ངོ་རྒོལ་ཟིང་ཆ་བྱུང་བའི་ནང་མི་གྲངས་༤༧༠༠༠ཡི་ཚེ་སྲོག་ཤོར་ཡོད་པའི་གནས་ཚུལ་བཏོན་ཡོད་པ་རེད་ ཀ་ཤི་མིར་ནང་རྒྱ་གར་ལ་མི་དགའ་བའི་རྣམ་འགྱུར་དེ་ཧ་ཅང་གི་ཆེན་པོ་ཡོད་པའི་གནས་ཚུལ་ཐོན་འདུག