ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་ལས་ཁུངས་གསར་པ།

བོད་མི་མང་སྤྱི་འཐུས་ཚོགས་གཙོས་རྡ་ས་གངས་སྐྱིད་རྭ་སྟོད་བླ་བྲང་གི་ཡང་སྟེང་དུ་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་ལས་ཁུངས་གསར་བ་ལེགས་འགྲུབ་དབུ་འབྱེད་གནང་འདུག

2012.09.24

དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག བོད་མི་མང་སྤྱི་འཐུས་ཁག་ཅིག ནོར་ཝེ་རླུང་འཕྲིན་ཁང་གི་འགན་འཛིན། ཚོགས་མི། ཚོགས་པ་ཁག་གི་སྐུ་མགྲོན། འབྲེལ་ཡོད་ལས་བྱེད་བཅས་ཁྱོན་མི་གྲངས་ ༤༠ བརྒལ་བ་ལྷན་འཛོམས་གནང་ཡོད་ཅིང༌། ཕྱི་དྲིལ་བཀའ་བློན་མཆོག་གིས༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་ཞུས་གྲུབ་མཚམས་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་འགན་འཛིན་བསྟན་འཛིན་དཔལ་སྒྲོལ་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་འདུག།

དེ་ནས་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་བཙུགས་ནས་ལོ་ངོ་བཅུ་གྲངས་ཕྱིན་པའི་དུས་ཡུན་དེའི་ནང་ཕྱག་ལས་གང་གནང་བ་ཁག་ལ་བསྔགས་བརྗོད་གནང་བ་དང་ཆབས་ཅིག་མ་འོངས་པར་ཕྱག་ལས་སྔར་ལྷག་གནང་རྒྱུའི་རེ་བ་གནང་ཡོད།

དེ་རྗེས་ཕྱི་དྲིལ་བཀའ་བློན་མཆོག་གིས་གསུང་བཤད་གནང་བའི་ནང།

སྤྱིར་བཏང་རང་དབང་ཅན་གྱི་གསར་འགྱུར་བརྒྱུད་ལམ་དེ་ཧ་ཅང་གལ་པོ་ཆེན་པོ་ཆགས་བཞིན་ཡོད། ནོར་ཝེ་རླུང་འཕྲིན་ཁང་གི་བོད་དོན་དང་འབྲེལ་བའི་གསར་འགྱུར་ནང་དམིགས་བསལ་རྒྱ་སྐད་ཐོག་ཡོད་པ་དེ་གལ་ཆེན་པོ་མཐོང་གི་ཡོད། རྒྱ་མིའི་སྤྱི་ཚོགས་ནང་བོད་དོན་གོ་རྟོགས་སྤེལ་རྒྱུ་ཙམ་མ་ཟད། བོད་ནང་གི་སྤྱི་ཚོགས་ཀྱི་གནས་བབ་འོག་བོད་རིགས་གཞོན་སྐྱེས་མི་རིགས་ཀྱི་ལ་རྒྱ་ཡོད་ཀྱང་། བོད་སྐད་མ་ཤེས་པ་རྣམས་ལ་རྒྱ་སྐད་ཐོག་ནས་གསར་འགྱུར་ཉན་རྒྱུའི་གོ་སྐབས་བསྐྲུན་བཞིན་འདུག དེ་བཞིན་ང་ཚོའི་བར་ལོ་མང་རིང་འབྲེལ་བ་ཡོད་པར་བརྟེན་ད་དུང་མུ་མཐུད་འབྲེལ་ལམ་སྔར་ལྷག་ཉར་ཚགས་གནང་རྒྱུ་ཕྱོགས་གཉིས་ཀའི་ངོས་ནས་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྐོར་གསུང་བཞག།

རྩ་བའི་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ནི་ཕྱི་ལོ་ ༡༩༩༦ ལོར་ནོར་ཝེ་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཀྱིས་གསར་འཛུགས་དང་ནོར་ཝེ་གཞུང་ལ་དེབ་སྐྱེལ་ཞུས་པའི་གཞུང་འབྲེལ་མིན་པའི་རང་དབང་ཅན་གྱི་རླུང་འཕྲིན་ལས་ཁང་ཞིག་ཡིན་པ་མ་ཟད། རླུང་འཕྲིན་ཁང་དེ་ནས་ཉིན་ལྟར་ཆུ་ཚོད་ཕྱེད་ཀའི་རིང་བོད་དོན་དང་འབྲེལ་བའི་གནས་ཚུལ་རྒྱལ་སྤྱིའི་ཁྱོན་ལ་བོད་སྐད་དང་རྒྱ་སྐད་གཉིས་ཀའི་ཐོག་དྲ་རྒྱ་དང་སྲུང་སྐར་བརྒྱུད་རྒྱང་སྲིང་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎