དབང་ཆེན་ནོར་བུས་བོད་དོན་སྐད་འབོད་དང་རང་ལུས་མེ་བསྲེཊ།

དེ་རིང་ཚེས༡༩ཉིན་མདོ་སྨད་མཚོ་ཤར་ཁུལ་ཡ་རྫི་རྫོང་རྐང་ཚ་ཞང་རྐང་ཚ་སྡེ་བའི་རུ་ཁག་དང་པོའི་གཞོན་སྐྱེས་དབང་ཆེན་ནོར་བུ་ཡིས་བོད་དོན་སྐད་འབོད་དང་མཉམ་རང་ལུས་མེ་སྲེག་གིས་སྐུ་གྲོངས་འདུག

2012.11.19

wangchen norbu
wangchen norbu

དེ་ཡང་ཨ་འཇམ་གྱིས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་བཏང་དོན། དེ་རིང་ཚེས༡༩ཉིན་གྱི་དགོང་མོའི་བོད་ནང་གི་ཆུ་ཚོད༨ཅམ་ལ་མདོ་སྨད་མཚོ་ཤར་ཁུལ་ཡ་རྫི་རྫོང་རྐང་ཚ་ཞང་རྐང་ཚ་སྡེ་བའི་རུ་ཁག་དང་པོའི་གཞོན་སྐྱེས་དབང་ཆེན་ནོར་བུ་ཡིས་རྐང་ཚ་དགོན་དགའ་ལྡན་ཆོས་འཕེལ་གླིང་གི་དགོན་འདབས་སུ་རྒྱ་གཞུང་གི་བཙན་གནོན་སྲིད་ཇུས་ལ་ངོ་རྒོལ་དང་། བོད་དོན་སྐད་འབོད་བྱེད་ཞོར་རང་ལུས་མེ་སྲེག་གིས་སྐུ་གྲོངས་པ་དང་། ། སྐབས་དེར་ཁོང་གིས་རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ཡུལ་དུ་ཕེབས་དགོས་པ་དང་། པཎ་ཆེན་རིན་པོ་ཆེ་བཙོན་གྲོལ་གཏོང་དགོས་པ། བོད་མི་ལ་རང་དབང་དགོས་ཞེས་སྐད་འབོད་ཀྱིས་སྐུ་གྲོངས་ཟིན་པ་དང་། འདྲ་པར་འདི་ནི་ཁོང་དེ་རིང་ཆེད་དུ་རེབ་གོང་ལ་ཕྱིན་ཏེ་པོ་ཏཱ་ལའི་པར་རིས་ཀྱི་མདུན་ནས་བསྒྲོན་པའི་མཐའ་མའི་དྲན་རྟེན་གྱི་སྐུ་པར་ཡིན་པར་། མེ་སྲེག་རྗེས་སྐུ་ཕུང་དགོན་པར་གདན་ཞུ་བྱས་ཏེ་དགོན་གྲོང་གཉིས་ཀྱི་མི་མང་ཡོད་ཚད་འཛོམས་ཏེ། ཁ་བཏགས་བསྒྲོན་པ་དང་བསྔོ་སྨོན་གསུངས་པར་མ་ཟད། ད་ལྟ་དམག་མི་མང་པོ་འཕྲོ་རིམ་འཕྲོར་འབྱོར་བཞིན་པའི་གནས་ཚུལ་ཛ་དྲག་གི་སྐབས་སུ་ཡོད་འདུག

དེ་ལྟར་བོད་ནང་གི་དགོང་མོའི་ཆུ་ཚོད༡༠ དང་ཕྱེད་ཀར་དགོན་གྲོང་གཉིས་ཀ་འཛོམས་ཏེ་སྐུ་གདུང་རྐང་ཚ་དགོན་པའི་མདུན་ཐད་ཀྱི་དུར་ཁྲོད་དུ་སྦྱིན་སྲེག་བྱེད་བཞིན་ཡོད་པ་དང་། སྐབས་དེར་བོད་མི་ཚོས་སྐད་ཤུགས་ཆེན་པོས་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག་ཅེས་གསུངས་པའི་གདངས་དབྱངས་དང་ཀི་འབོད་ཀྱང་ཕྱི་རོལ་གྱི་བརྒྱུད་ལམ་ནས་གསལ་ལྷང་ལྷང་ཐོས་ཐུབ་པ་བྱུང་འདུག

དབང་ཆེན་ནོར་བུ་ཁོང་གི་ཕ་མིང་ལ་བསྟན་འཛིན་དང་མ་མིང་ལ་མཁའ་འགྲོ་མཚོ་ཞེས་ཟེར་ལ། ཕ་འདས་ཟིན་པ་དང་དབང་ཆེན་ནོར་བུ་ཁོང་ནི་ད་ལྟ་རང་ལོ༢༥ ཡིན་པ་དང་།

དེ་བཞིན་ཉེ་ཆར་ཟླ་འདིའི་ཚེས༨ ལ་རྐང་ཚ་དགོན་དགའ་ལྡན་ཆོས་འཕེལ་གླིང་གི་དགེ་འདུན་པ་རྣམས་པ་དང་སྐྱ་སེར་མཉམ་འཛོམས་ཀྱི་བོད་ཀྱི་དཔའ་བོ་དཔའ་མོ་དག་གི་ཕྱིར་དུ་བསྔོ་སྨོན་གསུངས་པ་དང་སྟོང་མཆོད་འབུལ་བ། རྒྱལ་བའི་ཞབས་བརྟན་གསོག་སྒྲུབ་ཀྱི་ལས་འགུལ་རྒྱ་ཆེར་སྤེལ་ཡོད་པ་དང་སྐབས་དེར་དབང་ཆེན་ནོར་བུ་ཡང་ཕེབས་ཡོད་པ་རེད་འདུག

wangchen norbu
wangchen norbu

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎