རྔ་བར་དབང་མོ་ལགས་ཀྱིས་བོད་དོན་སྐད་འབོད་དང་འཇུ་བཟུང་།


2015.07.17
མདོ་སྨད་རྔ་བར་དབང་མོ་ལགས་ཀྱིས་བོད་དོན་སྐད་འབོད་སྐབས། ༢༠༡༥།༧།༡༥ མདོ་སྨད་རྔ་བར་དབང་མོ་ལགས་ཀྱིས་བོད་དོན་སྐད་འབོད་སྐབས། ༢༠༡༥།༧།༡༥
ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས

མདོ་སྨད་རྔ་བ་རྨེའུ་རུ་མར་བོད་མི་ཞིག་གིས་༧གོང་ས་མཆོག་གི་སྐུ་པར་འཕྱར་ནས་བོད་དོན་སྐད་འབོད་བྱས་འདུག
དེ་ཡང་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་གནས་ཚུལ་བཏང་བ་ལྟར་ན། སྤྱི་ལོ་༢༠༡༥ ཟླ་༧ ཚེས་༡༥ ཉིན་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་སྟེང་ནས་རང་ལོ་༢༢ཡས་མས་ཤིག་ཡིན་པའི་བུ་མོ་དབང་མོ་ལགས་ཀྱིས། ༧གོང་ས་མཆོག་གི་སྐུ་པར་ཕྱག་ཏུ་བཟུང་ནས་ཡུལ་ཚོའི་གཞུང་ལམ་དུ་གོམ་བགྲོད་དང་མཉམ་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་བྱས་རྗེས། ཁོང་མོ་རྔ་པའི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་གནས་ཚུལ་ཅི་ཡང་ཤེས་རྟོགས་མེད་པར་གྱུར་འདུག
དེ་བཞིན་འབྲེལ་ཡོད་མི་སྣས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་དོན། ཁོ་མོས་སྐད་འབོད་བྱས་ནས་རིང་བོ་མ་སོང་བར་རྒྱ་ནག་གི་ཉེན་རྟོག་པ་འབྱོར་ནས་འཇུ་བཟུང་བྱས་ཡོད་པ་དང་། སྐབས་དེར་ཁོ་མོས་བོད་ལ་རང་དབང་དགོས། བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་བོད་ལ་ཕེབས་སུ་འཇུག་དགོས། ༧གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་བརྟན་པར་ཤོག་ཅེས་སྐད་འབོད་བྱས་ཡོད་པ་དང་། འཇུ་བཟུང་རྗེས་ཀྱི་གནས་སྟངས་ཁ་གསལ་ཤེས་རྟོགས་དཀའ་བ་ངོ་སྤྲོད་བྱས་ཡོད།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པའི་གནས་ཚུལ་ལྟར་ན། ཁོང་མོ་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གསུམ་པའི་ཕ་ཞེ་ཆེན་དང་། མ་རྒྱལ་གཉིས་ཀྱི་བུ་མོ་ཡིན་ཞིང་། རུ་ཆེན་ལྔ་པའི་གཟུངས་འདུས་སྐྱིད་ཚངགི་བུ་བསྟན་འཛིན་གྱི་མནའ་མ་ཡིན་པ་དང་། ཁོང་གཉིས་ལ་བྱིས་པ་གཉིས་ཡོད་འདུག

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎