འཛམ་གླིང་ཆོས་ཕྱོཌ་ཀྱི་རླབས་ཆེན་དབུ་ཁྲིད་བརྒྱའི་མཚན་གཞུང༌།

༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གོ་ལ་འདིའི་སྟེང་གི་ཆོས་ཕྱོགས་ཀྱི་དབུ་འཁྲིད་ཨང་གཉིས་པར་འདེམས་ཐོན་ཞུས་འདུག

2011.04.05

༄༅༎ཉེ་ལམ་ལྦཏ་ཀིན་སི་བསྐྱར་ཞིབ་ཞེས་པའི་དུས་དེབ་ཀྱིས་འཛམ་གླིང་ནང་གི་ཆོས་ཕྱོགས་ཀྱི་རླབས་ཆེན་དབུ་འཁྲིད་བརྒྱའི་མཚན་གཞུང་འདོན་སྤེལ་ཞུས་པའི་ཁོངས་ནས་ བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གོ་ལ་འདིའི་སྟེང་གི་ཆོས་ཕྱོགས་ཀྱི་དབུ་འཁྲིད་ཨང་གཉིས་པར་འདེམས་ཐོན་ཞུས་འདུག།

Watkins Review འམ་ལྦཏ་ཀིན་སི་བསྐྱར་ཞིབ་དུས་དེབ་འདི་ནི་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱེད་པའི་ལོ་ངོ་བརྒྱ་ཕྲག་ལྷག་གི་ལོ་རྒྱུས་ཡོད་པའི་ལྦཏ་ཀིན་སི་དཔེ་མཛོད་ཁང་གིས་འདོན་སྤེལ་ཞུས་པའི་དུས་དེབ་ཅིག་ཡིན་ཞིང་ དུས་དེབ་དེའི་རྩོམ་སྒྲིག་པ་ཚོས་ཆོས་ཕྱོགས་ཀྱི་དབུ་འཁྲིད་གྲགས་ཅན་མི་སྣ་བརྒྱའི་མཚན་གཞུང་འདོན་སྤེལ་ཞུས་པའི་དམིགས་ཡུལ་གཙོ་བོ་ནི་ འཛམ་གླིང་འདིའི་སྟེང་གི་ཆོས་ལུགས་ཕན་ཚུན་མཐུན་འབྲེལ་གོང་འཕེལ་གཏོང་ཆེད་བགྲོ་གླེང་ཚད་ལྡན་ཞིག་འབྱུང་ཐུབ་རྒྱུར་རེ་བ་གནང་པ་ཞིག་ཡིན་འདུག།

ཆོས་ལུགས་ཀྱི་དབུ་འཁྲིད་གྲགས་ཅན་མི་སྣ་བརྒྱའི་མཚན་གཞུང་གི་ནང་འཁོད་རྒྱུར་ལྦཏ་ཀིན་སི་དཔེ་མཛོད་ཁང་གིས་གཙོ་བོའི་ཆ་རྐྱེན་གསུམ་བཏོན་ཡོད་པ་དང་ དང་པོ་ནི་ ཆོས་ལུགས་ཀྱི་དབུ་འཁྲིད་དེ་དག་ད་ལྟ་སྐུ་འཚོ་ཞུགས་སུ་ཡོད་པ་དང་ གཉིས་པ་དབུ་འཁྲིད་གང་དང་གང་གིས་འཛམ་གླིང་ནང་ཆོས་ཕྱོགས་ཀྱི་ཐོག་ནས་ཁྱད་དུ་འཕགས་པའི་ལེགས་སྐྱེས་སམ་མཛད་རྗེས་ཇི་བཞག་ གསུམ་པ་ ཆོས་ཕྱོགས་ཀྱི་དབུ་འཁྲིད་དེ་དག་གི་མཚན་ གུ་གལ་དྲ་རྒྱའི་ནང་འཚོལ་ཞིབ་སྐབས་ ནེལ་སན་དྲ་མཛོད་ཀྱི་ནང་ཡོད་དགོས་པ་བཅས་ཡིན་འདུག།

ལྦཏ་ཀིན་སི་བསྐྱར་ཞིབ་དུས་དེབ་ཀྱི་ནང་ཆོས་ལུགས་ཀྱི་དབུ་འཁྲིད་གྲགས་ཅན་བརྒྱའི་མཚན་གཞུང་འདོན་སྤེལ་ཞུས་པའི་ཁོངས་ནས་ཨང་དང་པོ་ ཇར་མན་དུ་འཁྲུངས་པ་རྩོམ་པ་པོ་དང་ཆོས་ཕྱོགས་ཀྱི་འགོ་འཁྲིད་ ཨེ་ཀཏ་ཊོ་ལེ་ཞུ་བ་དེ་ཡིན་ཞིང་ ཨང་གཉིས་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ ཨང་གསུམ་པར་རྩོམ་པ་པོ་གྲགས་ཅན་ ལྦེན་ཌ་ཡར་ཞུ་བ་ཞིག་དང་ ཡང་ཨ་རིའི་མི་སེར་བོད་བརྒྱུད་ནང་བསྟན་གྱི་བཙུན་མ་པདྨ་ཆོས་སྒྲོན་ལགས་ཨང་༣༩པར་འདེམས་ཐོན་ཞུས་ཡོད་པའི་གནས་ཚུལ་ཐོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎