གསེར་རྟ་སྒར་གྱི་གྲྭ་ཤག་བཟོ་བཅོས་ལས་གཏོར་བཤིག་མིན་ཟེར།


2016.07.22
རྒྱ་ནག་གིས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་གཏོར་བཞིན་པ། ༢༠༡༦།༧།༢༠ རྒྱ་ནག་གིས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་གཏོར་བཞིན་པ། ༢༠༡༦།༧།༢༠
བོད་འབྱོར།

གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་གཏོར་བཤིག་གཏོང་བཞིན་པ་དེ་ནི་བཟོ་བཅོས་བྱེད་བཞིན་པ་ལས་གཏོར་བཤིག་མིན་ཞེས་ས་གནས་རྒྱ་ནག་གཞུང་གིས་བརྗོད་འདུག
དེ་ཡང་སྤྱི་ཟླ་༧་ཚེས་༢༠་ཉིན་ནས་འགོ་ཚུགས་ཀྱིས། གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་རྒྱ་གཞུང་གིས་གྲྭ་བཙུན་ཉུང་འཁྲིའི་ཆེད་གཏོར་བཤིག་བྱེད་བཞིན་ཡོད་པའི་གནས་ཚུལ་ཕྱི་ལ་ཐོན་ཡོད། དེའི་ཐད་སྤྱི་ཚེས་༢༡་རེས་གཟའ་ཕུར་པའི་ཉིན་AP་གསར་ཁང་གིས་ས་གནས་རྒྱ་ནག་གཞུང་ལ་འདིའི་སྐོར་ཁ་པར་བརྒྱུད་བཅར་འདྲི་ཞུ་དུས། གསེར་རྟ་རྫོང་སྲིད་གཞུང་གི་དཔོན་རིགས་ཤིག་གིས། ཉེན་རྟོག་པས་ཆོས་སྒར་གྱི་གྲྭ་ཤག་བཟོ་བཅོས་བྱས་པ་ལས་གཏོར་བཤིག་གཏོང་གི་མེད་ཅེས་བརྗོད་པ་ཙམ་ལས་ཞིབ་ཕྲའི་གནས་ཚུལ་གང་ཡང་འགྲེལ་བརྗོད་བྱས་མི་འདུག།
དཔོན་རིགས་དེས་ཁོ་མོའིི་རུས་མིང་Zhang་ཡིན་ཞེས་བཤད་པ་དང་། ད་དུང་ཁོང་མོར་བརྒྱུད་ལམ་ཁག་ལ་སྐད་ཆ་བཤད་ཆོག་པའི་ཆོག་མཆན་མེད་པ་གསལ་བརྗོད་བྱས་འདུག།   
དེ་ནས་གོང་ཞུས་གསར་ཁང་གིས་མུ་མཐུད་དུ་རྫོང་གི་དྲིལ་བསྒྲགས་ལས་ཁུངས་ལ་ཁ་པར་བརྒྱུད་ནས་འབྲེལ་མཐུད་བྱས་ཀྱང་། ད་ལྟ་འབྲེལ་བ་བྱེད་ཐུབ་ཀྱི་མ་རེད་སྒྲ་འཇུག་གི་ལན་བཞག་ཡོད་པ་རེད།
གསེར་རྟ་བླ་རུང་སྒར་ནས་གྲྭ་ཤག་གཏོར་བཤིག་གཏོང་བཞིན་པའི་གནས་ཚུལ་དེ་མ་བྱུང་སྔོན་འདི་གའི་རླུང་འཕྲིན་ཁང་ལ་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་ལ་གྲྭ་བཙུན་ཉུང་དུ་གཏོང་རྒྱུ་ཡིན་པའི་ཐོག་གྲྭ་ཤག་ཁག་ཅིག་མེད་པ་བཟོ་རྒྱུ་ཡིན་པའི་གཞུང་གིས་བཀའ་རྒྱ་ཡིག་ཆ་བཀྲམས་དོན་གནས་ཚུལ་ཐོན་པ་མཉམ་དུ་ཡིག་ཆ་ལག་སོན་བྱུང་ཡོད་པ་རེད།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་AP་གསར་ལས་ཁང་ལ་། གནས་ཚུལ་འདིིའི་སྐོར་བླ་རུང་སྒར་གྱི་འགོ་ཁྲིད་མཁན་པོ་ཚུལ་ཁྲིམས་བློ་གྲོས་གཙོས་མཁན་བླ་ཚོས་སྒར་ཀྱི་གྲྭ་ཤག་ཆ་ཤས་གཏོར་བར་གྲྭ་བཙུན་ཡོངས་ལ་བཟོད་སྒོམ་དང་གུ་ཡངས་གནང་དགོས་པའི་ལམ་སྟོན་གནང་བ་ལྟར་ཁོ་མོར་དམིགས་བསལ་ཞུ་རྒྱུ་མེད་པ་བརྗོད་འདུག།

གསར་འགོད་པ་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎