བདག་སྐྱོང་ལ་དམངས་གཙོ་དང་ཁྲིམས་ལུགས་དགོས།

རྒྱལ་ཁབ་ཀྱི་བདག་སྐྱོང་ངེས་པར་དུ་དམངས་གཙོ་དང་ཁྲིམས་ལུགས་ཀྱིས་འཛིན་སྐྱོང་ལ་རྟེན་དགོས་ཞེས་རྒྱ་ནག་གི་སྲིད་བློན་ཝུན་ཅ་པོའོ་ཡིས་ནན་བརྗོད་གནང་འདུག

2013.02.01

དེ་ཡང་རྒྱ་ནག་གི་༼ཡིན་འཚོལ་༽དུས་དེབ་ཀྱིས་ཕྱི་ཟླ་༡པོའི་ཚེས་༢༣ཉིན་སྲིད་བློན་ཝུན་ཅ་པོའོ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་ཚོགས་ཆེན་བརྒྱད་པའི་སྐབས་ཀྱི་གསུང་བཤད་ནང་དོན་ལུང་འདྲེན་བྱས་ཡོད་པ་དང། སྐབས་དེར་ཝུན་ཅ་པོའོ་ཡིས་གཙོ་བོ་རྒྱ་ནག་གཞུང་བཅོས་བསྒྱུར་དང་། འཛུགས་སྐྲུན་ཐད་ཀྱི་གནད་དོན་སྐོར་གླེང་ཡོད་ཅིང། ཁོང་གིས་དབང་ཆ་གང་བྱུང་དུ་སྤྱོད་པ། དབང་ཆ་དང་སྒོ་མོའི་ཉོ་ཚོང་། དཔོན་པོ་དང་ཚོང་པ་ལྐོག་འབྲེལ་སོགས་རུལ་སུངས་ཀྱི་གནད་དོན་རྟག་ཏུ་མཐོང་ཡང་མི་མཚར། འགོ་ཁྲིད་ཁ་ཤས་ཀྱི་དབང་ཆ་བེད་སྤྱད་ནས་སྒེར་དོན་སྒྲུབ་པ། ལྐོག་ཟ་རྔན་སྤྲོད་སོགས་རུལ་སུངས་གྱོད་དོན་གྱིས་ཤུགས་རྐྱེན་ངན་པ་བཞག་ཡོད་ཅེས་དང་། ཡང་ཁོང་གིས་རྒྱལ་ཁབ་སྐྱོང་བ་དང་ཆབ་སྲིད་འཛིན་པ། རྒྱལ་ཁབ་ཡུན་རིང་བདེ་བར་འཁོད་པ་ནི་དུས་རབས་གང་དང། རྒྱལ་ཁབ་སུ་ཡི་དབུ་ཁྲིད་ཡིན་ཡང་ངེས་པར་དུ་བསམ་བློ་གཏོང་དགོས་པ་དང་། ཐག་གཅོད་བྱེད་དགོས་པའི་དོན་དག་གལ་ཆེན་ཡིན་ལ། མདོར་ན་རྒྱལ་ཁབ་ཀྱི་བདག་སྐྱོང་ངེས་པར་དུ་དམངས་གཙོ་དང་ཁྲིམས་ལུགས་ཀྱིས་འཛིན་སྐྱོང་ལ་རྟེན་དགོས་ཞེས་ནན་གྱིས་བརྗོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎